ཉི་ཟླའི་ཕང་བ་རུ་བཞད་པའི་ལང་ཚོ།
སྐར་ཚོགས་བཞིན་མདངས་མཛེས་པའི་
ཁྱེད་ལ་དབྱངས་གསལ་གྱི་ཕྲ་རྒྱན་བཏབ།
དྭངས་གཙང་གི་མཛེས་པ་རེ་རེའི་ཁུད་ན།
སྨོན་འདུན་གྱི་གཡུང་དྲུང་རི་མོ་འཁྱུག་ཡོད།
སྙིང་རུས་ཀྱི་བཙན་སར་བཟུང་བའི་གངས་བུ།
ཁྱོད་ནི་གངས་འདབས་ཀྱི་སྲུང་མ་དེ་ཡིན།
དབྱངས་དང་གསལ་བྱེད་ཀྱི་གཟི་བྱིན་འཕྲོ་དགོས།
༼ ཇེང་། ༽