ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5ཚེས30ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་ཨ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས2026ལོར་ཀྲུང་གོར་ཀྲུང་ཨའི་དབུ་ཚོགས་སྐབས་གཉིས་པ་འཚོག་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཀྲུང་ཨའི་བར་གྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་ནས“མཉམ་ལས་ཀྱི་བཀོད་པ་ཆེན་པོ་ལྔ”བཏོད་དེ་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།
དབྱར་ཐོག་མ་ཤར་བའི་རང་སྒང་དུ་རྩྭ་ཤིང་གི་ལོ་འདབ་རབ་ཏུ་རྒྱས། ཏེའོ་ཡུས་ཐའེ་ཧྥང་ཧྭ་ཡོན་དགའ་ཚལ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་དར་དང་དེ་བཞིན་ཨ་རབ་མནའ་འབྲེལ་གྱི་རྒྱལ་དར་གཅིག་ལ་གཅིག་བརྒྱན་ལྟར་བརྗིད་ཉམས་ལྡན།(པར་ངོས་གཉིས་པར་གཟིགས།)
