བྱིས་པ་ཚོ། མཛེས་སྡུག་སྤང་ཐང་ནས་རྩེད་བྲོ་ཞིང་དགོད་
ལྷང་ལྷང་གིས་ཆས།
བྱིས་པ་ཚོ། མེ་ཏོག་གི་མགོ་བོ་ཡར་ལ་ཀེར་དུས་དཔྱིད་དུས་
ཀྱི་ཁུ་བྱུག་ལ་བསྒུག།
བྱིས་པ་ཚོ། དྭངས་གཙང་གི་ཆུ་བོའི་ཕ་མཐར་རྒལ་
བཞིན་མདུན་ནས་མདུན་དུ་བསྐྱོད།
བྱིས་པ་ཚོ། རྣམ་དག་གི་ལྷ་ཚོགས་ལ་མོས་གུས་བྱས་ཏེ་རང་
སྡེའི་ཕ་ཡུལ་གྱི་ལ་རྒྱ་གཟུང་།
བྱིས་པ་ཚོ། བརྩེ་བའི་ཕ་མ་དང་གཉེན་ཉེའི་ཁ་ཏ་ལ་ཉོན་དང་།
བྱིས་པ་ཚོ། མ་འོངས་འཚོ་བའི་ཁོར་ཡུག་ལ་མཛེས་སྡུག་གི་
རྨི་ལམ་ཞིག་ཡོད།
བྱིས་པ་ཚོ། ཕ་ཡུལ་གངས་དཀར་རི་བོའི་རྩེ་མོ་རུ་མགོ་
བོ་བཀྱགས་ནས།
བྱིས་པ་ཚོ། དབྱངས་གསལ་སོ་བཞིའི་བར་གླེགས་ནར་སོན་
པ་ཞིག་བྱོས་ཤོག།
བྱིས་པ་ཚོ། ཁྱེད་ཅག་རང་རེའི་མ་འོངས་པའི་འདུན་མ་དང་
རེ་བ་ཡིན།
བྱིས་པ་ཚོ། ཁྱེད་ཅག་གིས་ཤེས་རིག་ཡོན་ཏན་ལ་སྦྱང་བ་
ནན་ཏན་གྱིས།
བྱིས་པ་ཚོ། ན་ཚོད་མ་སྨིན་ཞིང་མགོ་བོ་འཐོམས་པའི་
གླེན་རྨོངས་མི་རུང་།
བྱིས་པ་ཚོ། ག་དུས་རྣམ་གཡེང་དང་རྩེ་འཇོ་ཡི་ཕྱོགས་སུ་
དུས་ཚོད་མ་བརླག་གོ། །
བྱིས་པ་ཚོ། ཁྱེད་ཚོ་ཡབ་ཡུམ་གཉིས་ཀྱི་དམར་ཆུང་སྙིང་གི་
སྲོག་ཡིན་ལ།
བྱིས་པ་ཚོ། ཁྱེད་ཚོ་དུས་རབས་ཤིག་གི་མ་འོངས་པའི་རེ་བ་
ཡང་ཡིན་ནོ།།
བྱིས་པ་ཚོ། ཁྱེད་ཚོ་གཉེན་ཉེ་དང་ཕུ་ནུའི་སེམས་ཀྱི་སྐར་
ཆེན་ཡིན་ལ།
བྱིས་པ་ཚོ། ཁྱེད་ཚོ་སྔོ་ཞིང་བསངས་པའི་ནམ་མཁའ་ཁྱུང་
ཆེན་ཞིག་ཀྱང་ཡིན་ནོ། །
༼ ཁམས་ཟླ་སྲས། ༽