国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་ཨ་ཅེ་ལྷ་མོའི་ཟློས་གར་འཁྲབ་ཚན་གྱི་སློབ་ཕྱིའི་བྱེད་སྒོ་སྤེལ།

༼ རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུ་བའི་ལེའུ།༽ མཐོ་གཉིས་ལྔ་པ།

མདོ་འཛིན་པ།

༼ རྟེན་འབྲེལ་གྱི་གླུ།༽ མཐོ་གཅིག་དྲུག་པ།

༼ དབུ་འབྱེད་པའི་ཞབས་བྲོ།༽ མཐོ་གཉིས་དྲུག་པ།

༼ ཨ་རོགས་ཁམས་པ།༽ མཐོ་གཅིག་དྲུག་པ།

༼ སྐོར་བྲོ་མཉམ་འཁྲབ།༽ མཐོ་གཅིག་ལྔ་པ།

༼ ཧོར་གླིང་གཡུལ་འགྱེད།༽ མཐོ་གཉིས་དྲུག་པ།

ཉེ་ཆར། དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་མཐོ་འབྲིང་བོད་ཡིག་འཛིན་གྲྭས་ཨ་ཅེ་ལྷ་མོའི་ཟློས་གར་འཁྲབ་ཚན་གྱི་སློབ་ཕྱིའི་བྱེད་སྒོ་སྤེལ་བ་རེད།

ཨ་ཅེ་ལྷ་མོའི་ཟློས་གར་ནི་གནའ་བོའི་སྲོལ་རྒྱུན་རིག་གནས་ནང་གི་ཕུལ་དུ་བྱུང་བའི་སྒྱུ་རྩལ་ཞིག་ཡིན། མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་ཅིང་ཡིད་དབང་འགུགས་པའི་གཏམ་རྒྱུད་ཀྱིས་ཕྱུར་བུར་གཏམས་ཤིང་། གླུ་གར་གྱི་རྣམ་པའི་ཐོག་ནས་རྩོམ་རིག་གི་སྒྲུང་གཏམ་ནང་དོན་དུ་བྱས་པའི་སྣ་མང་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་འཁྲབ་སྟོན་ཞིག་ཡིན་པ་དང་། དེར་སྒྲུང་གཞི་ཚང་བ་དང་། རྣམ་ཐར་གྱི་གདངས་ཆ་འཕོ་འགྱུར་མང་བ། གར་སྟབས་ཀྱི་ཉམས་འགྱུར་ལྷོད་ཅིང་འགྱིང་བག་དང་ལྡན་པ་བཅས་ཀྱི་ཁྱད་ཆོས་ཡོད།

དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པས་སློབ་མ་ཚོའི་མི་རིགས་རང་གི་སྲོལ་རྒྱུན་ཟློས་གར་གྱི་རིག་གནས་སྒྱུ་རྩལ་ལ་ཤེས་རྟོགས་དེ་བས་ཟབ་པ་དང་། སློབ་རའི་རིག་གནས་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད་མཐོ་འབྲིང་གི་བོད་སྐད་ཡིག་དགེ་རྒན་རྣམས་དང་འཛིན་གྲྭ་སོ་སོའི་སློབ་མ་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་གཏམ་རྒྱུད་ཟློས་གར་གྱི་རིག་རྩལ་འཁྲབ་སྟོན་ཀུན་གྱི་མིག་ལམ་དུ་ཕུལ་བ་རེད།

( མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས།)