国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚོར་བའི་དབྱར་ཁ་དང་ དེའི་མཛེས་པ།

ཉི་འོད་སིལ་མས་རླུང་བུ་མ་སྐམ་ཞིང་།།

རླུང་བུ་འཇམ་པོས་སྤྲིན་པ་གཏོར་མ་གྱུར།།

ལྗང་མདོག་བཀླུབས་པའི་སྣང་བའི་གྲུ་ཁ་དེར།།

ཚོར་བའི་རེག་བྱ་ཡིད་ཀྱི་མེ་ཏོག་བཞད།།

འདབ་མ་རེ་ལ་ཞིམ་པའི་བསུང་ངད་འཐུ།།

ཟེའུ་འབྲུའི་རོ་ལ་འཁོར་བའི་སྙན་པ་འཛུམ།།

དེ་དུས་སྣང་བའི་ཡུལ་གྱི་འཇིག་རྟེན་འདི།།

དབྱར་ཁའི་མཛེས་པ་ཁོ་ན་འབྱམས་སུ་ཀླས།།

རྩི་བཅུད་དག་ལ་འཇམ་པའི་ཟིལ་བ་ཁྲོམ།།

གསེར་སྦྲང་ཚོགས་ཀྱང་སྐྱིད་པའི་གར་ལ་རོལ།།

ཆར་འཇམ་རེ་ཡང་འཚོ་བའི་བྲང་ཁར་འཇོ།།

འཇའ་ཚོན་ཀློང་དུ་ཞེ་ཡི་གྲིབ་མ་དགོད།།

སེམས་ཀྱི་འགྲུལ་བཞུད་ལས་ཀྱི་རི་ལུང་བརྒལ།།

ཤ་མཆིན་གླན་པས་རི་ཆུ་ནགས་མའི་ལྗོངས།།

སྣང་བ་ཧད་དེ་རིག་པ་དེ་རུ་ཕྱོགས།།

དྲན་པ་སད་དེ་ཉམས་གླུ་ཤར་ཤར་འཐེན།།

༼ གུ་དཔལ་ཤིས། ༽