国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ6པའི་ཚེས3ནས6ཉིན་བར། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལུའོ་ཀྲེན་ཧྭ་ཡིས་རྔ་བ་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་དེ། རང་ཁུལ་དུ་ལས་གཞི་གལ་ཆེན་འཛུགས་སྐུན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། དེང་རབས་ཞིང་འབྲོག་ཐོན་ལས་ལེགས་སུ་གཏང་རྒྱུ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་ཀྱི་རང་ཁུལ་གྱི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་རེད།།

༄༅།། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་གཙོ་གནད་ལས་དོན་དང་འཐུས་མིའི་ལས་དོན་འཆར་གཞི་ལྟར། སྤྱི་ཟླ6པའི་ཚེས4ནས7ཉིན་བར། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དང་ཞིང་ཆེན། ཁུལ། རྫོང་། ཡུལ་ཤོག(གྲོང་རྡལ)བཅས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི60ལྷག་བསྡུས་ཏེ། དར་མདོ་གྲོང་ཁྱེར་དང་བརྒྱད་ཟིལ་རྫོང་དུ་ལྟ་ཞིབ་བྱེད་སྒོ་སྤེལ་བར་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་འཐུས་མིའི་ལེགས་ཆ་འདོན་སྤེལ་བྱས་ནས་གཙོ་གནད་ལས་དོན་ལ་བསྐུལ་བ་དང་མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ། དུས་རབས་གསར་པའི་དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱལ་འགྲོ་རྒྱུར་བློ་གྲོས་དང་སྟོབས་ཤུགས་ཕུལ་བ་རེད།།

༄༅།། སྤྱི་ཟླ6པའི་ཚེས7ཉིན་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི2024ལོའི་ཉེན་མེད་འཛུགས་སྐྱོང་དང་གཙོ་གནད་ལས་དོན་གྱི་འཆར་ཅན་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་བྱས་ནས་སྤྱི་ཟླ5པའི་ལས་དོན་ཁག་བསྐུལ་ཚུལ་བསྐྱར་དུ་ཕྱོགས་བསྡོམས་བྱས་ཏེ། སྤྱི་ཟླ6པའི་དཔལ་འབྱོར་འཕེལ་རྒྱས་དང་། བརྟན་རླིང་སྲུང་སྐྱོང་། ཆུ་ལོག་དང་གནོད་སྐྱུང་། ཉེན་མེད་ཐོན་སྐྱེད། སྐྱེ་ཁམས་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།།