ཉེ་ཆར། ནོར་སྲིད་དཔལ་འབྱོར་གྱི་རིམ་པ་དང་པོའི་གྲོང་ཁྱེར་གསར་པའི་ཞིབ་འཇུག་སུའོ་ཡིས《རིམ་པ་དང་པོའི་གྲོང་ཁྱེར་གསར་པའི་ཨང་རིམ་མིང་ཐོའི》ནང་ལོ9བསྟུད་མར་སྤུས་རྟགས200ཙམ་དང་དྲྭ་སྦྲེལ་སྤྱི་གཉེར་ཁང15ཡི་གྲོང་ཁྱེར་གྱི་གྲངས་གཞི་ཆེ་གྲས་ཕྱོགས་བསྡུས་བྱས་ཤིང་། ཀྲུང་གོའི་གྲོང་ཁྱེར337རིམ་པ་བསྐྱར་དུ་བགོས་ཏེ། ལོ་ལྟར“རིམ་པ་དང་པོའི་གྲོང་ཁྱེར་གསར་པ”15དང་། རིམ་པ་གཉིས་པའི་གྲོང་ཁྱེར30དང་། རིམ་པ་གསུམ་པའི་གྲོང་ཁྱེར70དང་། རིམ་པ་བཞི་པའི་གྲོང་ཁྱེར90དང་། རིམ་པ་ལྔ་པའི་གྲོང་ཁྱེར128བཅས་ལ་ཞིབ་དཔྱད་བྱས་པ་རེད།
2024ལོར《རིམ་པ་དང་པོའི་གྲོང་ཁྱེར་གསར་པའི་ཨང་རིམ་མིང་ཐོའི》དམིགས་ཚད་མ་ལག་ནང་ཚོང་ལས་ཐོན་ཁུངས་གཅིག་སྡུད་བྱེད་ཚད་དང་། གྲོང་ཁྱེར་གྱི་ལྟེ་བའི་རང་བཞིན། གྲོང་ཁྱེར་གྱི་མིའི་འཁྲུག་ཆ་དོད་ཚད། དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་གསར་པ་དང་འབྱུང་འགྱུར་ལ་འཛུགས་སྐྲུན་བྱ་ཆོག་པ་སོགས་ཚད་གཞི་ལྔ་ལྡན་པར་རིམ་པ་དང་པོའི་ནང་གཞི་ནས་ཚུད་ཐུབ་ཡོད།
འབྲེལ་ཡོད་སྡེ་ཚན་གྱི་གྲངས་གཞི་བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དེ་ལས་འགན་ཨང་དང་པོར་བརྩིས་ཤིང་། ལས་ཀ་ཆེན་པོ་དང་མགྱོགས་མྱུར་ངང་མ་འཇོག་དམ་འཛིན་བྱས་པ་དང་སེམས་ཤུགས་གཅིག་སྡུད་ཀྱིས་ཐོན་ལས་དར་རྒྱས་བཏང་བ། ནང་མཁོ་རྒྱ་ཆེར་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་བ། ཡིད་ཆེས་བརྟན་དུ་བཏང་ནས་ཁྲོམ་ར་བརྟན་པོ་ཡོང་བར་བྱས་པ། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོ་ལ་ཕན་པ་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་གྲུབ་འབྲས་ཕུལ་བྱུང་ཞིག་ཐོབ་ཡོད་པ་རེད། ཁུལ་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར“དུང་ཕྱུར་ལྔ་བརྒྱ”ལས་བརྒལ་ནས་སྒོར་དུང་ཕྱུར513.35ལ་ཟིན་པ་དང་། བརྒྱ་ཆ6.2འཕར་ཡོད། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས0.2ལས་མཐོ་བ་དང་། བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ12འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་བརྒྱ་ཆ10.4འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར54.69ལ་ཟིན་པ་དང་བརྒྱ་ཆ14.34འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་དགུ་པར་སླེབས། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར143.52ལ་ཟིན་པ་དང་བརྒྱ་ཆ10.8འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་ལྔ་པར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ4.6འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་བཅུ་པར་སླེབས་ཡོད། ཞིང་སྡེའི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་བརྒྱ་ཆ7.7འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།།
( ཡེ་ཤེས་ཀྱིས་བསྒྱུར།)