国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ཐོག་བརྩེགས་ཁང་ཆེན་དུ་ མེ་གསོད་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས།

མེ་གསོད་རོགས་སྐྱོབ་ཀྱི་ནང་སྦྱོང་བྱེད་བཞིན་པའི་ཚུལ།

ཉེ་ཆར། མེ་གསོད་ནང་སྦྱོང་ལ་ཤུགས་རྒྱག་པའི་སྐོར་གྱི་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་བརྡ་ཐོའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ནས་ཐོག་བརྩེགས་ཁང་ཆེན་གྱི་མེ་གསོད་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་ཅིང་། ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་ཐོག་བརྩེགས་ཁང་ཆེན་གྱི་མེ་གསོད་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གིས་དར་མདོའི་ཁམས་པ་མགྲོན་ཁང་ཆེན་མོ་དང་མཉམ་འབྲེལ་བྱས་ཏེ་མེ་ཟོན་རོགས་སྐྱོབ་ནང་སྦྱོང་བྱས་པ་དང་ཁོངས་གཏོགས་ཁུལ་གྱི་མེ་ཟོན་ས་ཚུགས་ཀྱི་བཀོད་འདོམས་མི་སྣ73དང་མེ་ཟོན་རླངས་འཁོར12ད་ཐེངས་ཀྱི་ནང་སྦྱོང་ཁྲོད་ཞུགས་ཡོད། གནོད་འཚེ་ཐེབས་ཚུལ་ནི་ཁམས་པ་མགྲོན་ཁང་ཆེན་པོའི་ཐོག་སོ10པར་མགྲོན་པོ་ཆང་གིས་བཟི་ནས་ཐ་མག་འཐེན་པའི་དབང་གིས་ཉལ་ཁྲིའི་ཐོག་གི་མཁོ་ཆས་འབར་ནས་མེ་སྐྱོན་ཐོན་པ་དང་། མེ་སྐྱོན་བྱུང་རྗེས་དུས་ཆོག་ཏུ་ཡག་པོ་སེལ་མ་ཐུབ་པའི་དབང་གིས་རྒྱ་ཁྱོན་སྨི་ངོས་གྲུ80ལ་ཟིན། མེ་ཤོར་ཁང་པ་དང་དེ་བཞིན་ཐོག་སོ་བཞི་པ་ཡན་གྱི་ཁང་པའི་ནང་མི་ལྷག་ཡོད་པས་ཉེན་ཁ་ཧ་ཅང་ཆེ། མགྲོན་ཁང་གི་བདེ་སྲུང་མི་སྣས་མེ་སྐྱོན་གྱི་རང་འགུལ་ཉེན་བརྡ་གཏོང་བའི་མ་ལག་བརྒྱུད་གནོད་འཚེའི་གནས་ཚུལ་ཤེས་རྗེས་མགྱོགས་མྱུར་བདེ་སྲུང་མི་སྣ་བསྡུས་ནས་མེ་གསོད་པ་དང་མི་སྣ་ཁ་འགྲེམས་བྱེད་པ་དང་ཆབས་ཅིག་ཉེན་བརྡ་གཏོང་བའི་ཁ་པར119བཏང་ནས་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་ཡུལ་དངོས་སུ་ཡོང་བའི་རེ་བ་བཏོན་ཡོད།

ཡན་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ཀྱིས“ཉེན་རྟོག་དང་ལེན”བྱས་རྗེས་འཕྲལ་མར་ཐོག་བརྩེགས་ཁང་ཆེན་གྱི་མེ་གསོད་རོགས་སྐྱོབ་སྔོན་ཇུས་ལག་ལེན་བསྟར་ནས་ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གཉའ་ལུང་འགོ་དམིགས་བསལ་ལས་སྒྲུབ་ས་ཚུགས་ཀྱི་རླངས་འཁོར6དང་མི37དང་མདོ་གྲོང་ལྷོ་ལམ་མེ་གསོད་ས་ཚུགས་ཀྱི་རླངས་འཁོར3དང་མི22འཕྲལ་མར་ཡུལ་དངོས་སུ་བསྡུས་ནས་མེ་སྐྱོན་སེལ་བ་དང་ལས་སྒྲུབ་ཡོངས་ཀྱི་བཀོད་འདོམས་པུའུ་ཡི་རླངས་འཁོར3དང་མི14བཏང་ཡོད།

དངོས་འཐབ་ནང་སྦྱོང་ཧྲིལ་པོར་ཐོག་བརྩེགས་མཐོ་བའི་མེ་སྐྱོན་གྱི་ཁྱད་ཆོས་ལ་གཞིགས་ནས་མྱུལ་ཞིབ་དང་།འཚོལ་སྐྱོབ།མེ་གསོད་པ།ཆུ་འདོན།དུ་བ་འབུད་པ།ཉེན་ཟོན་སོགས་ཀྱི་དམག་འཐབ་ཚོ་ཆུང་བཙུགས་ནས་ཐབས་ལམ་མང་པོའི་གནོད་འཚེའི་གནས་ཚུལ་མྱུལ་ཞིབ་དང་།མི་སྣ་འཚོལ་སྐྱོབ་།མེ་སྐྱོན་གྱི་དུ་བ་འབུད་པ།ཆུ་མདའ་གཡུལ་ས་འཛུགས་སྐྲུན།མེ་སྐྱོན་གྱི་མུ་མཐུད་ཆུ་འདོན།འཚུབ་བསྟུན་འཕྲིན་གཏོང་འགན་ལེན་།ཡུལ་དངོས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་སོགས་ཀྱི་སློབ་ཚན་ནང་སྦྱོང་གཅིག་སྡུད་སྒྲིག་འཛུགས་བྱས་ཡོད། ནང་སྦྱོང་བྱེད་རིང་ཡན་ལག་རུ་ཁག་དེའི་འབྲེལ་ཡོད་འགན་འཁུར་བས་འཚུབ་བསྟུན་གནས་ཚུལ་བཀོད་སྒྲིག་བྱས་ནས་མེ་གསོད་རོགས་སྐྱོབ་ཆེད་ལས་དཔུང་ཁག་གི་ཐོག་བརྩེགས་མཐོ་བའི་མེ་སྐྱོན་སེལ་བའི་ནུས་པར་ཞིབ་བཤེར་ནུས་ལྡན་ཐུབ་ཡོད།

ནང་སྦྱོང་བརྒྱུད་རིམ་ཧྲིལ་པོའི་ནང་དམག་འཐབ་ཚོ་ཆུང་ཁག་གི་ལས་བགོས་ཁ་གསལ་དང་།འབྲེལ་མཐུད་དམ་ཟབ་དང་གཞོགས་འདེགས་གང་ལེགས་བཅས་བྱས་ནས་དམག་འཐབ་ནང་ཞུགས་མཁན་ཡོངས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་ཤུགས་ཡོད་རྒུས་མེ་གསོད་བྱས་པར་བརྒྱུད“ལུས་པའི་མི་སྣ”སྐྱོབ་ཐུབ་པ་དང་“མེ་སྐྱོན”རྦད་དེ་བསད་ནས་ནང་སྦྱོང་ལེགས་གྲུབ་བྱུང་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།

ནང་སྦྱོང་མཇུག་འགྲིལ་རྗེས་ཡན་ལག་རུ་ཁག་དེས་ཕྱོགས་སྡོམ་དཔྱད་གཏམ་སྤེལ་ནས་ནང་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་གིས་ད་ཐེངས་ཀྱི་ནང་སྦྱོང་གོ་སྐབས་སུ་བྱས་ཏེ་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། སྔོན་ཇུས་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ལག་རྩལ་དང་འཐབ་རྩལ་ཞིབ་འཇུག་ལ་ཤུགས་རྒྱག་པ།དམག་འཐབ་བདེ་འཇགས་དམ་འཛིན་བཅས་བྱས་ནས“སུས་བཀོད་འདོམས་བྱས་ན་སུས་འགན་འཁུར་བའི”དམག་འཐབ་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་འགག་རྩའི་དུས་སུ“ཡོང་ཐུབ་པ”དང་“གདོང་གཏད་ཐུབ་པ”“རྒྱལ་ཁ་འཐོབ་ཐུབ་པ”འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།

( ཀུན་དགས་བསྒྱུར།)