国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་རི་ཀླུང་གི་མཛེས་སྡུག།

དཀར་མཛེས་ཁུལ་གྱི་རང་བྱུང་རི་ཀླུང་ནི་ཆེས་ཡིད་དུ་འོང་ལ། རབ་དཀར་གངས་རི་ས་ཆེན་གྱི་གཙུག་ཏུ་འགྱིང་ཞིང་སྤྲིན་དཀར་པོ་མགུལ་རྒྱན་དུ་སྤྲས་པ་དང་། མཚོ་མོ་གཡུ་ཡི་མེ་ལོང་དྭངས་ཤིང་གཙང་ལ། རྫ་རི་དང་སྤང་རི། ནགས་རི་སོགས་ངོ་མཚར་བའི་ཕྱི་སྣོད་ཀྱི་བཀོད་པ་མ་ལུས་ཀུན་ནས་ཚང་ཞིང་རི་མོ་མཁན་གྱིས་པིར་རྩལ་ལས་བྲིས་པ་དང་གཉིས་སུ་མ་མཆིས། ས་བབས་མཐོ་དམའི་ཚད་དང་གནམ་གཤིས་ཀྱི་དྲོ་གྲང་ཆ་སྙོམས་པས་རྒྱལ་ནང་ས་ཁུལ་གྱི་མི་མང་པོའི་ཚ་གཡོལ་བྱ་ཡུལ་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད། འདིར་པར་ཆས་ཀྱི་བརྙན་མིག་ཏུ་ཚུད་པའི་དཀར་མཛེས་ཁུལ་གྱི་མཛེས་སྡུག་གི་ཟུར་ཞིག་ཀུན་ལ་ལྟད་མོར་བཤམས་པའོ།།