ཆུ་ལོག་ནི་དྲག་ཆར་བབས་པ་དང་ཆར་པ་ཡུན་རིང་པོར་བབས་པའི་དབང་གིས་གཙང་པོ་དང་ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་ཆུ་གནས་གློ་བུར་དུ་འཕར་བ་དང་། ཆུ་རགས་ལུད་པ། ཆུ་བོ་སྐམ་སའི་ཁོངས་སུ་བཞུར་བ། རི་ཉིལ་བ་སོགས་ལས་བྱུང་བའི་གནོད་འཚེ་རེད། ཆུ་ལོག་གིས་ཞིང་ལས་ལ་གནོད་འཚེ་ཚབས་ཆེན་བཟོས་པར་ཕུད། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་ལའང་གྱོང་གུན་ཚབས་ཆེན་བཟོ་སྲིད། དེ་ནི་མིའི་རིགས་འཚོ་གནས་ལ་གནོད་པ་ཆེ་བའི་རང་བྱུང་གནོད་འཚེ་ཆེན་པོ་བཅུའི་གྲས་ཤིག་ཡིན། འོ་ན་དྲག་ཆར་འབབ་དུས་སུ་སྔོན་འགོག་བྱེད་ཐབས་ཇི་ལྟར་ལག་བསྟར་བྱ་དགོས་རེད་ཅེ་ན།
༡ དྲག་ཆར་འབབ་དུས་སུ་སྒོ་དང་སྒེའུ་ཁུང་བརྒྱབ་ནས་ཆར་ཆུ་ཁང་པར་མི་ཡོང་བ་བྱ་དགོས། གལ་ཏེ་ཁང་པར་ཆུས་གང་ཡོང་དུས་འཕྲལ་མར་གློག་ཁུངས་དང་སོལ་རླངས་སོགས་གཅད་དགོས།
༢ ས་དམའ་སར་ཡོད་པའི་ཕྱི་རོལ་གྱི་གློག་ཁུངས་ཡོད་སར་བཅར་མི་རུང་།
༣ ཆུར་འགྲོ་མི་རུང་། གཏིང་ཚད་ལི་སྨི15ཡོད་པའི་ཆུ་རྒྱུན་གྱིས་མི་འགྱེལ་དུ་འཇུག་ཐུབ།
༤ རི་ཁུལ་དུ་ཆུ་རྒྱུན་དྲག་ཏུ་འབབ་པ་དང་རྙོག་རྫོབ་ཆེ་བ། བྱེ་འདམ་འདྲེས་པ་ཡིན་ན། དེ་ནི་རི་ཆུ་རྒྱས་པའི་སྔ་ལྟས་ཡིན་ཤས་ཆེ་བས་གང་མགྱོགས་ཆུ་ལམ་དང་ལུང་ཤུར་ལས་གཡོལ་དགོས།
༥ དྲག་ཆར་ཁྲོད་རླངས་འཁོར་གཏོང་སྐབས་ཆར་སྨུག་གི་གློག་སྒྲོན་བཀར་པ་ན་ག་ལེར་གཏོང་བ་དང་། ཆུ་ལོག་སྔོན་འགོག་བྱ་རྒྱུར་དོ་སྣང་བྱས་ཏེ་འཁྱིལ་ཆུ་དང་ལམ་རྡིབ་པ་ལས་གཡོལ་དགོས།
༦ ཁྲོམ་གཞུང་གི་གློག་ཤུགས་སྒྲིག་བཀོད་ལ་དོ་སྣང་བྱ་དགོས། དཔེར་ན་གློག་སྐུད་ལྷུང་ཚེ་འཕྲལ་དུ་རྒྱང་ཐག་རིང་དུ་གཏོང་བ་དང་འབྲེལ་གང་མགྱོགས་གློག་ཤུགས་སྡེ་ཚན་ལ་སྙན་སེང་ཞུ་དགོས།
༧ གལ་ཏེ་སྡོད་གནས་ཆུས་བསྣུབས་པའི་གནས་ཚུལ་ཚབས་ཆེན་འབྱུང་སྲིད་ན། སྡོད་གནས་ལས་ཕྱིར་བུད་དེ་གནས་སྐབས་ཉེན་མེད་ས་གནས་སུ་གཡོལ་ཐབས་བྱ་དགོས།
( རྩོམ་སྒྲིག་པས་བསྡུས།)
