སྤྱི་ཟླ6པའི་ཚེས9ཉིན་ནས་བཟུང་བོད་ལྗོངས་ལྷ་སར་དུས་ཡུན་ཉིན་ལྔའི་རིང་གི་ཨ་ཅེ་ལྷ་མོ་འཁྲབ་སྟོན་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཕོ་བྲང་པོ་ཏ་ལའི་ཞོལ་གྱི་རྫོང་རྒྱབ་ཀླུ་ཁང་དུ་དམངས་ཁྲོད་ཨ་ཅེ་ལྷ་མོ་ཚོགས་པ5ཡིས་སྲོལ་རྒྱུན་ཨ་ཅེ་ལྷ་མོ་འཁྲབ་སྟོན་བྱས་ཏེ། ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།