国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ6པའི་ཚེས13ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་གིས་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་ཆུ་འབྲུབ་དུས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀར་བརྟག་དཔྱད་ཁྲིད་སྟོན་གནང་སྐབས། ཉེན་མེད་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་། བདེ་སྲུང་གི་མཐིལ་མཚམས་བརྟན་སྲུང་བྱས་ནས་འབྱུང་ཁུངས་ནས་བཅོས་སྐྱོང་བྱ་རྒྱུར་ཤུགས་བསྣན་ཏེ། ཆུ་ཚད་མཐོ་བའི་བདེ་སྲུང་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས།།

༄༅།། ཉེ་ཆར་རང་ཁུལ་གྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་སྤེལ་བྱས་པའི་ལས་རིགས་ནད་འགོག་བཅོས་ཀྱི་བྱ་སྤྱོད་སྣ་གསུམ་ཞེས་པའི་ལས་ཀའི་ཇུས་འགོད་པར་དུ་སྐྲུན་རྒྱུ་སྐོར་གྱི་བརྡ་ཁྱབ་གཏོང་བར་གཞིགས་ནས་ཕྱོགས་བསྡུས་མཉམ་སྤེལ་གྱི་བྱ་ཐབས་བླངས་ནས་རང་ཁུལ་གྱི་ལས་རིགས་ནད་འགོག་བཅོས་ཆུ་ཚད་མཐོར་འདེགས་རེད།།