国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་གི་ རྩལ་ནུས་འགྲན་སྡུར་སྐབས་དང་པོ་སྤེལ།

གཟུགས་མེད་རིག་གནས་ཤུལ་བཞག་གི་ཡིད་དབང་འགུག་ཤུགས་དང་། ཁྱབ་སྤེལ་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་སྔར་བས་ཆེ་རུ་གཏང་ཆེད། ཉེ་ཆར་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྩལ་ནུས་འགྲན་སྡུར་བྱེད་སྒོ་སྐབས་དང་པོ་སེར་ཤུལ་རྫོང་དུ་སྤེལ།

སེར་ཤུལ་རྫོང་གི་སྐབས་དང་པོའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གཙོ་དོན་གྱི་རྩལ་ནུས་འགྲན་སྡུར་ནི་ཐང་བོད་རྡོ་བརྐོས་ལག་རྩལ་དང་། ཞྭ་མོ་ཁ་སྡེར་བཟོ་བའི་ལག་རྩལ། འཇུ་ཞྭ་ཏིང་ལུའོ་བཟོ་བའི་ལག་རྩལ། བོད་ཀྱི་ཐང་ག། སྲོལ་རྒྱུན་གྱི་ནང་ལྭ་བཟོ་བའི་ལག་རྩལ་སོགས་འགྲན་སྡུར་རིགས་བདུན་ལ་དབྱེ་ཞིང་། ས་ཁུལ་ཁག་གི་ལས་དོན་ཨུ་ལྷན་གྱིས་གདམ་གསེས་དང་འོས་སྦྱོར་བྱས་པའི་འགྲན་ཞུགས་པ51ཐེངས་འདིའི་འགྲན་སྡུར་ནང་ཞུགས་ཡོད།

ཐེངས་འདིའི་འགྲན་སྡུར་ནི་ཆེད་མཁས་ཚོ་ཆུང་དང་འདུམ་གཅོད་ཚོ་ཆུང་གིས་དྲང་གཞག་དང་དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་རྣམ་པའི་ཐོག་ནས་འགྲན་ཞུགས་པ་ཚོའི་བརྩམས་ཆོས་ལ་དཔྱད་བསྡུར་ནན་པོ་བྱས་མཐར་ལས་གཞིའི་ཚོ་ཆུང7བདམས་པ་དང་། བརྩམས་ཆོས49ལ་བྱ་དགའ་ཐོབ་ཡོད།

ཐེངས་འདིའི་བྱེད་སྒོ་ཁྲོད་ད་དུང་དྲྭ་ཐོག་དང་དྲྭ་འོག་ནས་བཙན་མདའ་སྐོར་བྲོ་དང་། འདན་མའི་བྲོ་ཆེན། ཁམས་པའི་རྒྱན་གོས་སོགས་ཕུལ་བྱུང་གི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་དང་ཁྱབ་སྤེལ་བྱས་པ་རེད།

( མེ་ཏོག་གིས་བྲིས་ཤིང་པར་བླངས།)