དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་ཁག་གི་ལྟ་སྐྱོང་སྲིད་ཇུས།
(འབྲིང་རྒྱུགས་དང་མཐོ་རྒྱུགས་སློབ་མར་དམིགས་ཡོད།)
དབྱར་དུས་སུ་དཀར་མཛེས་ཁུལ་གྱི་མཐོ་སྒང་རྩྭ་ཐང་གཡུ་མདོག་གིས་བརྒྱན་ཞིང་། གངས་རི་དང་རྩྭ་ཐང་གི་སྤེལ་རེས་འོག་ཏུ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་རི་མོ་ཞིག་མིག་ལམ་དུ་མངོན་ནོ།། སྤྱི་ཟླ་དྲུག་པ་ནི་སློབ་མ་ཚོའི་བྲེལ་འཚུབ་ཆེ་བའི་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་དུས་ཚོད་ཡིན་ལ། སློབ་མ་ཚོས་རེ་སྒུག་བྱེད་པའི་གུང་གསེང་ནང་དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་ཆེ་གྲས་ཁག་གིས་སློབ་མཐར་ཕྱིན་པའི་སློབ་མ་རྣམས་ལ་ལྗོངས་ཁུལ་གྱི་སྒོ་འཛིན་སྤྲད་མི་དགོས་པ་དང་ལྟ་སྐྱོང་སྲིད་ཇུས་བཏོན་ཡོད། གོང་གི་ལྟ་སྐྱོང་དེ་སློབ་མའི་དཔང་ཡིག་དང་རྒྱུགས་སྤྲོད་ཁྲོལ་ཡིག། ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་སྒྲུབ་པ་དང་། ལྟ་སྐྱོང་སྲིད་ཇུས་དེ་སྤྱི་ཟླ8པའི་ཚེས30ཉིན་མཚམས་གཞག་རྒྱུ་རེད།
1.མཚོ་ཕུ་ལྗོངས་ཁུལ།
སྒོ་འཛིན་སྤྲད་མི་དགོས། (མཐོ་རྒྱུགས་སློབ་མ།)
2.ཉག་རོང་མཚལ་རི་ལྗོངས་ཁུལ།
སྒོ་འཛིན་སྤྲད་མི་དགོས། (མཐོ་རྒྱུགས་སློབ་མ།)
3.བཞག་བྲ་ལྷ་རྩེ་ལྗོངས་ཁུལ།
སྒོ་འཛིན་སྤྲད་མི་དགོས། ལྟ་སྐོར་རླངས་འཁོར་བསྡད་ན་མི་རེའི་སྒོར90སྤྲད་དགོས།(མཐོ་རྒྱུགས་སློབ་མ།)
4.དར་མདོ་མི་རྒོད་མཚོ་ལྗོངས་ཁུལ།
སྒོ་འཛིན་སྤྲད་མི་དགོས། ལྟ་སྐོར་རླངས་འཁོར་བསྡད་ན་མི་རེའི་སྒོར90སྤྲད་དགོས།(མཐོ་རྒྱུགས་སློབ་མ།)
5.སྡེ་དགེ་པར་ཁང་ལྗོངས་ཁུལ།
ལོ18མན་ཆད་ཀྱི་སློབ་མ་ཡིན་ན་སྒོ་འཛིན་སྤྲད་མི་དགོས།
6.གསེག་རི་སྤྱི་གླིང་ལྗོངས་ཁུལ།
སྒོ་འཛིན་སྤྲད་མི་དགོས། ལྟ་སྐོར་རླངས་འཁོར་བསྡད་ན་མི་རེའི་སྒོར90སྤྲད་དགོས།(མཐོ་རྒྱུགས་སློབ་མ།)
7.མི་ཉག་གནས་མཆོག་ལྗོངས་ཁུལ།
སྒོ་འཛིན་སྤྲད་མི་དགོས། ལྟ་སྐོར་རླངས་འཁོར་བསྡད་ན་མི་རེའི་སྒོར60སྤྲད་དགོས།(འབྲིང་རྒྱུགས་དང་མཐོ་རྒྱུགས་སློབ་མ།)
8.གེ་སར་མཁར་རྫོང་ལྗོངས་ཁུལ།
རིན་པ་མི་དགོས་པའི་སྨོན་རྟེན་སྤྲད་རྒྱུ།
རིན་པ་མི་དགོས་པའི་གླིང་ཁུལ་ངོ་སྤྲོད་ལ་ཉན་ཆོག།
ལྗོངས་ཁུལ་ཆུ་ཚན་མགྲོན་ཁང་གི་རིན་གོང་བརྒྱ་ཆ8གཅག་རྒྱུ།(འབྲིང་རྒྱུགས་དང་མཐོ་རྒྱུགས་སློབ་མ།)
མཐོ་སྒང་གི་སྐར་ཚོགས་འོད་མདངས་རབ་ཏུ་བཀྲ།