དུས་མཐའ་མེད་པའི་སང་ཉིན་ལགས།
ནམ་ཞིག་གི་ཚེ་ན་ཁྱོད་ཀྱི་ང་ལ་མཇུག་སྡོམ་གནང་སྲིད།
ཡང་ན་སང་ཉིན་ང་ལ་ཅི་ཞིག་གི་དགོས་འདོད་གནང་སྲིད།
ཤེས་མེད་ཚོར་མེད་ཀྱི་སང་ཉིན་ནམ།
ཡང་ན་རེ་བ་དང་ཡིད་ཆེས་ཕུགས་བསམ་གྱི་གང་
བའི་སང་ཉིན་ལགས།
ངའི་ཡོད་ཚད་ཁྱོད་ལ་བཅོལ་ནས་ཡོད།
ཁྱེད་ནི་ངའི་རང་སྲོག་གཅོད་བྱེད་དུ་བརྡུངས་པའི་ཟླ་
མེད་གློ་གྲི་དེ་ཡིན་ནམ།
ཡང་ན་མི་ཚེ་ལ་འོད་སྟོང་སྐྲུན་མཁན་དེ་ཡིན་ལགས།
༼ དབང་རྒྱལ། ༽