国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་ཀྱི་མཚེའུ་ཆེ་ཤོས་སེར་གླིང་མཚོའི་དབྱར་དུས་ཀྱི་མཛེས་ལྗོངས།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བླངས།

སེར་གླིང་མཚོ་ནི་བོད་རང་སྐྱོང་ལྗོངས་བྱང་རྒྱུད་ཀྱི་རྒྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་བོད་ལྗོངས་ཀྱི་མཚེའུ་ཆེ་ཤོས་དེ་རེད། དབྱར་དུས་ཀྱི་སེར་གླིང་མཚོ་སྔོ་ཞིང་དྭངས་ལ་མཚེའུའི་འགྲམ་དུ་རྩྭ་ཆུར་རོལ་བཞིན་པའི་གཡང་དཀར་ལུག་ཁྱུས་གང་བས་ཡུལ་ལྗོངས་ལྷག་ཏུ་མཛེས།

ཉེ་བའི་ལོ་ཤས་རིང་། སེར་གླིང་མཚོའི་མཐའ་འཁོར་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ལྗོངས་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་སོང་བས། ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་ཡུལ་དུ་གྱུར། ཤེས་རྟོགས་བྱུང་བར་གཞིགས་ན། སེར་གླིང་མཚོའི་ཆུ་ཁོངས་རྒྱ་ཁྱོན་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།།