国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ6པའི་ཚེས24ཉིན་ལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དང་མཉམ་དུ་སྤེལ་བའི་གཅིག་མཐུན་འདུས་གྲུབ་བརྟན་དུ་གཏོང་ཞིང་ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ནང་སོག་རང་སྐྱོང་ལྗོངས་ཞིང་ཨན་མེང་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཀྲུང་དབྱང་དང་ས་གནས་ཁག་གཅིག་གི་གསར་འགྱུར་འཕྲིན་སྦྱོར་གཙོ་བོ་དང་། ལས་རིགས་ཁ་ཤས་ཀྱི་འཕྲིན་སྦྱར་ཁག་གཅིག་གི་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མི120ལྷག་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།།

༄༅།། ཁུལ་ཡོངས་ཀྱི་བཟའ་བཅའ་མངགས་བཅོལ་ཐོན་སྐྱེད་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། མངགས་བཅོལ་ཐོན་སྐྱེད་ཀྱི་འགན་འཁྲི་ཁ་གསལ་བཟོ་བའི་ཆེད། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བྱ་ཐབས་མང་པོ་སྤྱད་དེ་བཟའ་བཅའ་མངགས་བཅོལ་ཐོན་སྐྱེད་གཉེར་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བཟའ་བཅའ་མངགས་བཅོལ་ཐོན་སྐྱེད་གཉེར་སྐྱོང་གི་འགན་འཁྲི་དོན་ལ་འཁྱོལ་བར་བསྐུལ་ནས། བཟའ་བཅའི་སྤུས་ཚད་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།།

༄༅།། ཉེ་ཆར། ཀྲེ་ཅང་ཞིང་ཆེན་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་ཤིང་། ཀྲེ་ཅང་ཞིང་ཆེན་གྱི་དཀར་མཛེས་ཁུལ་དུ་རོགས་སྐྱོར་ཡོང་མཁན་ལས་བྱེད་པ་ཁག་དང་པོ་དང་ཁག་གཉིས་པའི་བར་བརྗེ་རེས་ཀྱི་རྩིས་སྤྲོད་རྩིས་ལེན་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པ་རེད།།