国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ས་རུབ་ཁར་ཟླ་བ་སྔར་བཞིན་ཤར།

ད་ལྟ་ངས་ས་རུབ་པར་སྒུག་ཡོད།

ས་རུབ་དུས་ངས་རྨི་ལམ་རྨི་ཆོག།

རྨི་ལམ་དུ་ང་རང་རྩྭ་ཐང་དང་

མེ་ཏོག་ལྡུམ་རར་ལོག་ཆོག།

རྨི་ལམ་དུ་ངས་མེ་ཏོག་ཅིག་གི་

འདབ་མ་ཡང་ཡང་བཏུ་ཆོག

རྨི་ལམ་དུ་མེ་ཏོག་ཅིག་གི་འགྱུར་

ཁུག་ལ་ཉན་ཆོག།

ད་ལྟ་ངས་སུ་རུབ་པར་སྒུག་ཡོད།

ས་རུབ་དུས་ངས་ལྷིང་འཇགས་

ཀྱི་མཚན་མོ་བསུ་ཆོག།

ས་རུབ་དུས་རང་ཉིད་གཅིག་

པུར་ཙོག་ནས་ཅི་ཡང་དྲན་ཆོག།

ས་རུབ་དུས་ངས་འཇིག་རྟེན་

ཕྱེད་ཀ་དཀར་པོ་ཡིན་པ་རྟོགས།

དོ་ནུབ་ཀྱང་ང་རང་གཅིག་པུར་

ཁང་སྟོང་ཆུང་ཆུང་ནང་ཡོད།

ས་རུབ་ཁར་ཟླ་བ་སྔར་བཞིན་

སྒེའུ་ཁུང་ལས་ཤར་ཡོང་།

ཟླ་འོད་ལས་ངས་ཁྱོད་རང་འོད་

ཅིག་ཡིན་པ་རྟོགས།

ཟླ་འོད་ལས་ངས་ཁྱོད་རང་

དབྱིབས་ཤིག་ཡིན་པ་རྟོགས།

དབྱིབས་དེ་གྲུ་བཞི་ཞིག་

ཡིན་པ་རྟོགས།

༼ དུ་སྤྲིན། ༽