国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་ནོར་བུའི་ས་ཆར།། གྲོ་ཡི་གསེར་རླབས་འཕྱུར་འདུག།

འབའ་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། རྫོང་ཡོངས་ཀྱི་མཚོ་འཕགས་ཆ་སྙོམས་སྨི3300ཡོད། གནམ་གཤིས་དྲོ་གྲང་རན་ཞིང་རི་ཀླུང་མཛེས་སྡུག་ལྡན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་འབའ་ནོར་བུའི་ས་ཆ་ཞེས་པའི་མཚན་སྙན་ཐོབ།

ཟླ་བ་དྲུག་པ་ཤར་བྱུང་།། དྲུག་པའི་འབའ་སོ་སྨིན་བྱུང་།། ཞེས་འབའ་གཞས་ཀྱི་གཞས་ཚིག་ཏུ་གྲགས་པ་ལྟར་སྤྱི་ཟླ་དྲུག་པར་འབའ་ཐང་གི་གྲོ་སྨིན་ནས་ས་གཞིར་གསེར་མདོག་གི་ས་གདན་ཞིག་བཏིང་བ་དང་ཡོངས་སུ་མཚུངས། ཞིང་པས་གནམ་གཤིས་ཡག་པོ་དང་བསྟུན་ནས་གྲོ་བསྡུའི་དུས་ཚོད་དམ་འཛིན་བྱས་ཏེ་ཞིང་དང་མུ་ཁ་ཚང་མར་སོ་ནམ་གྱི་ལས་ལ་བྲེལ་བའི་རྣམ་པས་ཡོངས་སུ་ཁེངས་ཤིང་། འབའ་བའི་མི་སེར་ཚོའི་གདོང་ནས་ལོ་ལེགས་ཀྱི་སྤྲོ་མདངས་རབ་ཏུ་རྒྱས།

( ཡེ་ཤེས་ཀྱིས་བྲིས། སྐལ་བཟང་ཚེ་རིང་གིས་པར་བླངས།)