国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲིབ་གཟུགས་དེ་དག།

གྲིབ་གཟུགས་དེ་དག།

ཐོལ་གྱིས་མངོན་ཡོང་ཐེངས་རེར།

ང་ལ་ཚོར་ཤེས་དང་བྲལ་བའི་ཞེད་

སྣང་ཞིག་སྐྱེས་འོང་།

འགྱུར་འགྲོ་བའི་ཁ་དོག་སྣ་ཚོགས་ལས།

གོ་རིམ་འཁྲུལ་ཞིང་ཤེས་པ་འཆོལ་ཏེ།

རོ་བྲོ་མེད་པའི་དྲན་པ་ཡན་ཡུན་ཞིག།

ག་ཤེད་ཅིག་ནས་ཡིད་ཡུལ་དུ་བསྐྱིལ་ངེས།

མིག་ཟུང་བཙུམས་ནས་རིག་པ་བསྒྲིམས་ན།

ད་གཟོད། ཁྱེད་ཀྱིས་རང་གི་ངོ་གདོང་

དང་མེ་ལོང་སྔ་མོ་ནས་བོར་སོང་བ་ཚོར་འོང་།

ད་གཟོད། ཁྱེད་ཀྱིས་གྲིབ་གཟུགས་དེ་དག་

ལ་གཟུགས་སྒྲ་དྲི་རོ་རེག་བྱ་མེད་པ་ཚོར་ངེས།

བལྟས་ཚོད་ཀྱིས་གྲིབ་གཟུགས་དེ་དག་ནི།

ཉི་འོད་ཀྱི་བདེ་སྐྱིད་ལ་རོལ་བཞིན་པ་

ལྟར་སྣང་ཡང་།

དོན་དམ་དུ། ཁྱེད་ཀྱི་ནང་སེམས་ལ།

གྲང་འཁྱག་གི་གྲིབ་སོས་སྔ་མོ་ནས་

སྒྲིབ་ཡོད་ངེས།

༼ ཁྱུང་གཤོག། ༽