ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ103འཁོར་བའི་སྐབས་སུ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དར་མདོ་གྲོང་ཁྱེར་དུ་ཕེབས་ཏེ་གཞི་རིམ་ཏང་འཛུགས་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་དང་ཏང་མི་རྒན་པ་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་མི། ཏང་མི་ཕུལ་བྱུང། ཏང་དོན་ལས་སྒྲུབ་པ་ཕུལ་བྱུང་སོགས་ལ་འཚམས་འདྲི་གནང་ཞིང་། ཁོང་ཚོར་ཏང་གི་བྱ་གཞག་དང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོང་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་ལས་རིགས་ཁག་ལ་འབད་འཐབ་བྱེད་བཞིན་ཡོད་པའི་རྒྱ་ཆེ་བའི་ཏང་མི་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་མི་ལས་བྱེད་པར་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པའི་ཐོག་མའི་བསམ་འདུན་བརྟན་པོ་འཆང་ཞིང་། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གོང་བུར་གཅིག་ཏུ་འགྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་བྲིས་པར་བྱས་རྗེས་དེ་བས་གསར་པ་འཇོག་དགོས་ཞེས་སྐུལ་མ་གནང་བ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)