国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ7པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཙུའུ2024ལོའི་ཚོགས་འདུ་ཐེངས7པའི(རྒྱས་འཛོམས )གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉེ་དུས་ཀྱི་ཚོགས་འདུ་རབ་དང་རིམ་པ། འབྲེལ་ཡོད་ཡིག་ཆ་དང་ཀྲུང་གུང་དཀར་མཛེས་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་བསམ་འཆར་ཞིབ་འཇུག་དང་དོན་འཁྱོལ་བྱས་པ་རེད།།

༄༅།། སྤྱི་ཟླ7པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཙུའུ་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2024ལོའི་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་ཐེངས6པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་མཐར་ཕྱིན་བླངས་པ་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ཏེ། ལས་ཀའི་སྒྲིག་ཁྲིམས་དང་འཚོ་བའི་སྒྲིག་ཁྲིམས་ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད།།

༄༅།། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་བཀོད་སྒྲིག་ལྟར། སྤྱི་ཟླ7པའི་ཚེས1ཉིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ལས་ཁུངས་ཀྱི་ཏང་མི་ལས་བྱེད་པ་ཡོངས་ལ《བསམ་བློའི་ངོས་འཛིན་གྱི་རྨང་གཞི་བརྟན་པོར་འདིང་བ་དང་། གཏམ་སྤྱོད་དང་བྱ་སྤྱོད་གནད་ལ་འཁེལ་བར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་དགོས》ཞེས་པའི་ཆེད་དོན་ཏང་གི་སློབ་ཚན་སློབ་ཁྲིད་བྱས་པ་རེད།།