国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།།ཉེ་བའི་སྔོན།“དུས་རབས་གསར་པར་མཉམ་དུ་སྐྱོད།ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན”ཞེས་པའི་གཙོ་དོན་གྱི་སྐབས་དྲུག་པའི“ཀྲུང་གོའི་ལས་གཏོད་ཀྱི་གཤོག་ཟུང”ཞེས་པའི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེན་མོའི་དཀར་མཛེས་འདེམས་སྒྲུག་འགྲན་བསྡུར་དང་སྐབས་བརྒྱད་པའི་དཀར་མཛེས་ཀྱི་ལས་གཏོད་འགྲན་བསྡུར་ཆེ་མོའི་མཇུག་འགྲན་ལི་ཐང་རྫོང་ཁམས་ལྷོ་ལུས་རྩལ་ལྟེ་གནས་སུ་རྒྱལ་ཁ་ངང་མཇུག་འགྲིལ་བ་རེད།།

༄༅།།སྤྱི་ཟླ7པའི་ཚེས1ཉིན་ལ། རང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ན་གཞོན་ལས་བྱེད་པའི་འཇོན་ནུས་ཆེར་གཏོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སི་ཁྲོན་རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་དཀར་མཛེས་ཁུལ་ལྕགས་ཟམ་ཁའི་ཡན་ལག་སློབ་གླིང་དུ་འགོ་བཙུགས་པ་རེད།།

༄༅།།ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ103འཁོར་བར་རྟེན་འབྲེལ་ཞུ་ཆེད།བརྒྱད་ཟིལ་རྫོང་ས་ཡ་གྲོང་རྡལ་གྱིས“བདུན་གཅིག”ཏང་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་མི་ལས་བྱེད་པའི་གོང་བུར་འགྲིལ་ཤུགས་དང་། ལྟེ་ཕྱོགས་ཤུགས། འཐབ་འཛིང་ནུས་ཤུགས་བཅས་སྔར་བས་ཆེ་རུ་བཏང་བ་དང་།བྱེད་སྒོའི་གྲུབ་འབྲས་ཀྱིས་ལས་སྒྲུབ་ལས་གཏོད་དང་དམངས་ཚོགས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།།

༄༅།།སྤྱི་ཟླ7པའི་ཚེས1ཉིན།འབའ་ཐང་རྫོང་ཨུས་གཙོ་གཉེར་བྱས་པ་དང་རྫོང་ཨུ་རྩ་འཛུགས་པུའུ་དང་། རྫོང་ཨུ་དྲིལ་བསྒྲགས་པུའུ། རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་སྒྲུབ་གཉེར་བྱེད་པའི“ཐོག་མའི་བསམ་འདུན་དང་འགན་འཁྲི།འགན་འཁུར”གཙོ་དོན་དུ་བྱེད་པའི་འབའ་ཐང་གི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་ཏང་གི་སློབ་ཚན་ཆུང་གྲས་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།།

༄༅།།ཉེ་ཆར།ཁུལ་ཡོངས་ཀྱི་ཉིང་རྡུལ་དང་ཁྱབ་འགྱེད་ཉེན་མེད་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉིང་རྡུལ་དང་ཁྱབ་འགྱེད་ཉེན་མེད་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཆེད། དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་དང་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་གྱིས་དར་རྩེ་མདོ་རུ་སྨན་བཅོས་སྒྲིག་གཞིའི་ཉིང་རྡུལ་དང་ཁྱབ་འགྱེད་ཉེན་མེད་དོ་དམ་གྱི་མཉམ་འབྲེལ་གསོ་སྦྱོང་སྤེལ་བ་རེད། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་དང་འཕྲོད་བསྟེན་བདེ་ཐང་མ་ལག་གི་ལས་སྒོའི་རྐང་འཛིན་པ་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི38ཀྱི་མི80ལྷག་གསོ་སྦྱོང་ནང་ཞུགས་པ་རེད།།

༄༅།།ཉེ་ཆར། དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་དུ་དུས་ཡུན་ཉིན་གཉིས་རིང་གི་རྩྭ་ཐང་གི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་སྤེལ་བ་རེད།།

༄༅།།ཉེ་ཆར། སེར་ཤུལ་རྫོང་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱི2024ལོའི་དགེ་རྒན་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དེ་རྫོང་སློབ་འབྲིང་ལུས་རྩལ་ཐང་དུ་གཉེར་བ་རེད།།