ཉེ་ཆར། ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་དེ་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཚ་བ་ལ་ཞབས་ཞུ་ས་ཚུགས་ནས་གཞིས་རྩེ་གནམ་ཐང་བར་གྱི་ལམ་མཚམས། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་རིམ་པ་དང་པོའི་གཞུང་ལམ་སོགས་ལས་གྲུབ་པ་རེད། ཉིན་དེར་རླངས་འཁོར་ཤར་གཏོང་ཐུབ་པའི་རྒྱལ་ལམ4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ཆ་ཤས་ཡོད་པས།“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གཙོ་གནད་བསྐྲུན་པའི་ལས་གཞིའི་གྲས་ཤིག་ཡིན་པ་དང་རླངས་འཁོར་བཞི་གཤིབ་འགྲོ་ཆོག་པ་རེད།།