国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཝང་ཧུའུ་ཉིང་གིས་སི་ཁྲོན་དཀར་མཛེས་དང་རྔ་བ་ཁུལ་དུ་རྟོག་ཞིབ་གནང་སྐབས།

དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ།

སྤྱི་ཟླ7པའི་ཚེས1ཉིན་ལ་ཝང་ཧུའུ་ཉིང་གིས་དཀར་མཛེས་རྫོང་དུ་ནས་ཀྱི་ཐོན་སྐྱེད་གནས་ཚུལ་རྒྱུས་ལོན་གནང་བཞིན་པ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཉེ་ཆར་སི་ཁྲོན་བོད་འབྲེལ་ཁུལ་དང་རྫོང་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བའི་གཙོ་ཕྱོགས་རྒྱུན་འཁྱོངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་རིགས་སྤུན་ཟླ་རྒྱ་ཆེན་ལ་ཐུགས་ཁུར་གཅེས་སྐྱོང་གནང་བ་དོན་ཐོག་འཁྱོལ་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ཞེས་གསུངས་པ་རེད།

ཚེས1ནས3ཉིན་བར་ཝང་ཧུའུ་ཉིང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲོང་སྡེ་དང་། སློབ་གྲྭ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། འདམ་ར་སྲུང་སྐྱོང་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་སུ་ཕེབས་པ་དང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་དང་། གེ་སར་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ། ཧོང་ཡོན་རྫོང་རི་རྒན་ཆོ་རྩྭ་ཐང་འདམ་ར་དང་། རྔ་བ་རྫོང་གཅའ་རོ་གྲོང་རྡལ་རཱ་ལོ་གྲོང་སྡེ། རྔ་བ་རྫོང་སློབ་འབྲིང་། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་འབྲེལ་ཡོད་དགོན་པ་སོགས་སུ་རྟོག་ཞིབ་གནང་ནས། མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་ཟབ་རྒྱས་གནང་ནས་བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ཆོས་ལུགས་ལས་དོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་གསུངས་དོན། སི་ཁྲོན་གྱིས་ཏང་ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བའི་ལས་དོན་ཁག་ལ་བསྐུལ་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་རླབས་པོ་ཆེ་དང་། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་ཤུགས་ཆེ་རུ་གཏང་དགོས། ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་བ་དང་། མཐོ་སྒང་གི་ཁྱད་འཕགས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏང་དགོས།( པར་ངོས་གཉིས་པར་གཟིགས)