国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱི2024ལོའི་དགེ་རྒན་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་པར་རིས་བདམས་བཀོད།

སེར་ཤུལ་རྫོང་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱི2024ལོའི་དགེ་རྒན་སྒྱུ་རྩལ་

དུས་ཆེན་སྐབས་གཉིས་པའི་པར་རིས་བདམས་བཀོད།

ཉེ་ཆར། སེར་ཤུལ་རྫོང་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱི2024ལོའི་དགེ་རྒན་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དེ་རྫོང་སློབ་འབྲིང་གི་ལུས་རྩལ་ཐང་དུ་སྤེལ།བྱེད་སྒོ་དེ《གླང་ཆེན་རྒྱལ་པོ》ཞེས་པའི་ཞབས་བྲོ་ནས་འགོ་ཚུགས་པ་དང་། 《གོམ་པ་གང་གི་བར་ཐག》ཅེས་པའི་མཉམ་དཀྲོལ་རོལ་དབྱངས་དང་། 《བྱང་སྡེ་ཉི་མ》ཡི་ཞབས་བྲོ། རྒྱ་གར་གྱི་ཞབས་བྲོ།《སེར་ཤུལ་སློབ་གསོའི་འགྱུར་ལྡོག》གི་ཁ་ཤགས་སོགས་གླུ་གར་གྱི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་བྱས་པས་མ་ཚད།སེར་ཤུལ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་ཁྲིད་གཞི་དང། ཡིག་གཟུགས། རི་མོ། བྱིས་སློབ་ཁང་གི“ཁོར་ཡུག་གསར་སྐྲུན་ཚོ་ཆུང”སོགས་ལ་གྲུབ་འབྲས་བླ་ལྷག་ཏུ་ཐོབ་པའི་དགེ་རྒན་ཕུལ་བྱུང་ཚོར་གཟེངས་བསྟོད་བྱས།

(ལས་ཞོར་གསར་འགོད་པ་མེ་ཏོག་གིས་བྲིས་ཤིང་པར་བླངས།)