རྒྱལ་ལམ227(དམུ་ལི་རྫོང་རྨེ་རུ་ཡུལ་ཤོག་ནས་དཔའ་ཤང་ཉག་ག)བར་གྱི་གཞུང་ལམ་སྤྱི་ཟླ6པའི་ཟླ་མཇུག་ཏུ་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། གཞུང་ལམ་འདི་ནི་འདབ་པའི་ཉི་སྟེན་དང་ལི་སྐུ་མཚོ་སྦྲེལ་བ་ཞིག་ཡིན་ལ། ལས་གཞི་དེ་བསྐྲུན་ཚར་རྗེས་རྒྱལ་ལམ227ལམ་ཐིག་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། རྒྱལ་ལམ227ནི་ཀན་སུའུ་ཀྲང་ཡེ་ནས་འགོ་བཙུགས་ཏེ། མཚོ་སྔོན་དང་སི་ཁྲོན། ཡུན་ནན་བཅས་བརྒྱུད་དེ་ཁྱོན་ལམ་ཐག་སྤྱི་ལེ3745ཟིན་ཡོད། དེའི་ནང་སི་ཁྲོན་ས་ཁོངས་ཀྱི་རྒྱལ་ལམ227གྱི་ལམ་ཐིག་སྤྱི་ལེ1400ལ་ཟིན། རྔ་བ་དང་དཀར་མཛེས། ལིའང་ཧྲན། ཕན་ཀྲི་ཧྭ་སོགས་ས་ཁུལ་བརྒྱུད་དགོས། དེ་ནི་སི་ཁྲོན་གཞུང་ལམ་འགྲིམ་འགྲུལ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། རྒྱལ་ལམ227“འཁོར་གཏོང་ལམ་ཐིག་མཛེས་ཤོས”ཀྱི་གྲས་སུ་བརྩིས་ཏེ། ལམ་རྒྱུད་ཀྱི་རང་བྱུང་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་ཚོར་དགའ་བའི་སྤྲོ་སྣང་རྒྱས་ཤིང་རང་བྱུང་ཁམས་ཆེན་མོའི་བརྗིད་ཉམས་དང་མཛེས་སྡུག་ལོངས་སུ་སྤྱོད་དུ་བཅུག་པ་རེད།
གཞུང་ལམ་དེ་དཀར་མཛེས་ཁུལ་གྱི་བྲག་མགོ་དང་དཀར་མཛེས། ཉག་རོང་། ལི་ཐང་། འདབ་པ་སོགས་རྫོང་ལྔ་བརྒྱུད་པ་དང་། ལམ་རྒྱུད་ཀྱི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་ཚོའི་ཡིད་སེམས་རབ་ཏུ་འཕྲོག། ( བདེ་ཆེན་གྱིས་བསྒྱུར།)