国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཉེ་དུས་ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་གནང་།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་དུ་རྫོང(གྲོང་ཁྱེར)ཁག་དང་འབྲེལ་ཡོད་གཙོ་གནད་སྡེ་ཚན་གྱི་ལས་ཀའི་གནས་ཚུལ་བརྙན་ལམ་བཀོད་གཏོང་གནང་བ་དང་། ཉེ་དུས་ཀྱི་འབྲུབ་འགོག་གནོད་འཚེ་དང་ཉེན་མེད་ཐོན་སྐྱེད། སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་གཙོ་གནད་ལས་དོན་ལ་སླར་ཡང་ནན་གསུང་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། ལས་ཀ་བསྟུད་མར་སྤེལ་བའི་སྤྱོད་ཚུལ་དར་སྤེལ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་རླིང་ཡོང་བའི་ལས་དོན་ཁག་ཞིབ་ཚགས་སྤེལ་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྣམ་པར་རྒྱལ་བའི་ངང་འཚོག་པར་བསུ་བ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)