国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དུ་ཆེད་ལས་སྨན་པ་མང་པོ་ཡོང་ནས་སྤྱི་ཕན་བྱེད་སྒོ་སྤེལ།

ཉེ་ཆར། པེ་ཅིང་གི་སྨན་བཅོས་སྒྲིག་གཞི་ཁག་ནས་ཡོང་བའི་སྨན་བཅོས་ཆེད་ལས་པ་ཁག་དང་པོའི་སྨན་པ197གནམ་གྲུར་བསྡད་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གེ་སར་གནམ་ཐང་དང་འདབ་པའི་ཉི་སྟེན་གནམ་ཐང་དུ་འབྱོར་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོར་བསྐྱོད་དེ2024ལོའི་ཀྲུང་གོའི་སེམས་པ་མཉམ་དུ་སྐྱོང་ཞེས་པའི་དཀར་མཛེས་ཁུལ་དུ་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ནང་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ནང་པེ་ཅིང་གི་སྨན་བཅོས་སྒྲིག་གཞི160ནས་ཡོང་བའི་སྨན་བཅོས་ཆེད་ལས་མཁས་པ800ལྷག་གིས་སྤྱི་ཟླ7པའི་ཚེས7ནས14ཉིན་བར་དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)18ཀྱི་ཡུལ་ཤོག་དང་གྲོང་སྡེ90ལྷག་ལ་གཟའ་འཁོར་གཅིག་གི་རིང་ལ་འོས་འགན་སྨན་བཅོས་དང་། སྐོར་ཞིབ་བརྟག་དཔྱད། ནད་ཡམས་བརྟག་དཔྱད། གཤགས་བཅོས། བདེ་ཐང་འཆད་ཁྲིད་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། དེའི་ནང་རིག་ཚན་གྱི་ཀྲུའུ་རེན་ཨུ་ཡོན17དང་། ཀྲུའུ་རེན་སྨན་པ་དཀའ་བཅུ་པ355དང་། ཀྲུའུ་རེན་གཞོན་པ129བཅས་ཡོད་པ་རེད། གཞན་ཡང་དང་བླངས་པ169དང་འཕྲིན་སྦྱོར་དང་བླངས་པ50ཡོད་པ་རེད། ཡུལ་དངོས་སུ་སྨན་རྫས་དང་དངོས་ཟོག་གི་ཐད་ལ་ཁྱོན་སྒོར་ཁྲི1000ཞལ་འདེབས་ཕུལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཁྲིད་སྟོན་འོག། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་འཕེལ་རྒྱས་མཐུན་ཚོགས། པེ་ཅིང་སེམས་མཐུན་མཉམ་སྐྲུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཉེར་བ་དང་། སི་ཁྲོན་ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རོགས་གཉེར་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ། པུའུ་ཁྲང་སྨན་རྫས་བཟོ་གྲྭས་བརྒྱུད་རིམ་ཧྲིལ་པོར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་ཡོད།།

( ཡེ་ཤེས་ཀྱིས་བསྒྱུར།)