国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་རྟའུ་རྫོང་གི་ལས་ཀའི་བཞུགས་མོལ་ཚོགས་འདུར།

འབད་འབུངས་ཡར་བརྩོན་དང་བབ་བསྟུན་འཕྲལ་སྒྲུབ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་དཔལ་འབྱོར་ཐབས་ལམ་གལ་ཆེན་མགྱོགས་སུ་སྐྲུན་པ་དང་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་བདེ་འཇགས་མཐོ་ས་བསྐྲུན་གང་ཐུབ་བྱ་དགོས་ཞེས་གསུངས།

སྤྱི་ཟླ7ཚེས11ཉིན།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་རྟའུ་རྫོང་དུ་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྫོང་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེགས་ཆ་དང་ཞན་ཆར་དབྱེ་ཞིབ་ཟབ་མོ་གནང་ཤིང་། རྟའུ་རྫོང་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བའི་བརྩོན་ཤུགས་གཙོ་གནད་དང་ལས་ཀའི་བྱེད་ཐབས་ལ་མཉམ་དུ་ཞིབ་འཇུག་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་སྲ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེག་མཐར་ཕྱིན་བསྟར་བ་དང་། བློ་མཐུན་ཝང་ཧུའུ་ཉིང་དཀར་མཛེས་ཁུལ་དུ་བརྟག་ཞིབ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ། ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ཏེ། ཁུལ་ཨུའི་ལས་ཀའི་སྤྱིའི་འཆར་འགོད་ལ་དམ་པོར་གཞིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་གཙོ་བོར་བྱས་ཏེ། འབད་འབུངས་ཡར་བརྩོན་དང་བབ་བསྟུན་འཕྲལ་སྒྲུབ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་དཔལ་འབྱོར་འཐབ་ལམ་གལ་ཆེན་མགྱོགས་སུ་སྐྲུན་པ་དང་ནས་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་བདེ་འཇགས་མཐོ་ས་བསྐྲུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཡག་པོ་རྩོམ་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས།

ཚོགས་འདུའི་ཐོག་རྟའུ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ལས་ཀའི་སྙན་སེང་ཞུས་པ་དང་།ཚོགས་འདུར་ཞུགས་པའི་ཁུལ་མགོ་ཁྲིད་སོ་སོས་གཏམ་བཤད་བྱས་པ་རེད། ཚང་མའི་གཏམ་བཤད་གསན་རྗེས་ཧྲེན་དབྱང་གིས་བསྟན་དོན། སྐབས་བརྗེས་ནས་བཟུང་། རྟའུ་རྫོང་མགོ་ཁྲིད་ཚན་པས་ཏང་གི་དུས་རབས་གསར་པའི་བོད་སྐྱོང་སྲིད་ཇུས་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀའི་བཀོད་སྒྲིག་དང་ཁུལ་ཨུའི་ལས་ཀའི་བླང་བྱ་བཅས་དོན་འཁྱོལ་ནན་ཏན་བྱས་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་དེ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུན་ངང་ལེགས་སུ་འགྲོ་བ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བ། གྲོང་ཡུལ་ཁོར་ཡུག་ལེགས་བཅོས་མངོན་གསལ་ཡོང་བ། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ལས་རིགས་ཁག་གོང་འཕེལ་གསར་པ་ཡོང་ཡོད། རྟའུ་རྫོང་ནི་བྱང་རྒྱུད་ཡུག་སྦྲེལ་ས་ཁུལ་དང་ཤར་རྒྱུད་ཡུག་སྦྲེལ་ས་ཁུལ་མཐུད་མཚམས་ཀྱི་ཡུལ་གྲོང་གལ་ཆེན་ཞིག་ཡིན་ལ། ས་ཁོངས་མཐུན་རྐྱེན་དང་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་པོ་ཡིན་པས།ཁུལ་ཨུས་རྟའུ་རྫོང་གི་བརྟན་བརླིང་དང་སྐྱེ་ཁམས། དམངས་འཚོ། འཕེལ་རྒྱས་བཅས་ལ་རེ་བ་ཆེན་པོ་བཅོལ་ཡོད་ལ། རྟའུ་རྫོང་གིས་རྫོང་གི་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ཏེ། རང་རྟོགས་ངང་རྟའུ་རྫོང་གི་འཕེལ་རྒྱས་དང་བདེ་འཇགས་དེ་ཁུལ་ཡོངས་ཀྱི་ཁྱོན་ཡོངས་ནང་བཞག་ནས་ཇུས་འགོད་བྱེད་པ་དང་། འགོ་འཛུགས་ས་སྔར་ལས་མཐོ་བའི་སྒོ་ནས་འཕེལ་རྒྱས་ཀྱི་ཚད་དཔོག་གཏན་འཁེལ་དང་།རིམ་པ་དེ་བས་མཐོ་བའི་སྤྱི་ཚོགས་བདེ་འཇགས་ཇུས་འགོད་བྱེད་པ་རྒྱུན་འཁྱོངས་ནས། རྟའུ་རྫོང་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་གྲུབ་འབྲས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་བསྐུལ་དགོས་ཞེས་ཐུགས་རེ་གནང་བ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། གཅིག་ནས་ཡིད་ཆེས་དང་ཆོད་སེམས་བརྟན་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས། གཉིས་ནས་མ་སྐུལ་དང་བླངས་ཀྱིས་བྱས་རྗེས་བཞག་ནས་ཆུ་ཚད་མཐོན་པོས་བདེ་འཇགས་རྟའུ་འཛུགས་སྐྱོང་ལ་བསྐུལ་རྒྱུ་རྒྱུན་འཁྱོང་དགོས། གསུམ་ནས་ལས་ཞུགས་ལས་གཏོད་ལ་དམིགས་ཏེ། ཚད་གཞི་མཐོན་པོས་ཏང་མི་ལས་བྱེད་པའི་དཔུང་སྡེ་སྟོབས་ཆེན་འཛུགས་སྐྱོང་རྒྱུན་འཁྱོང་དགོས།

ཁུལ་མགོ་ཁྲིད་ཡིའུ་ཞང་ཧྥེ། ཡོན་མིང་ཀོང་། ཕུའུ་ཡུང་ཧྥེང་། ཀྲུང་ཁོ་བཅས་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་རྟའུ་རྫོང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་ཚོགས་འདུའི་ནང་ཞུགས་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)