国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ7པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་དང་ས་གཤིས་གནོད་འཚེ་འགོག་ཟོན་ལས་ཀའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཡོས་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་དུང་ཐིང་མཚེའུ་ཡི་ཆུ་རགས་ཁ་ཤོ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལི་ཆང་གི་མཆན་བཀོད། ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲུབ་འགོག་གནོད་སེལ་ཉེན་སྐྱོབ་ལས་ཀར་བཀོད་གཏོང་གནང་སྐབས་ཀྱི་གསུང་བཤད་སྙིང་དོན་སོགས་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི་འབྲུབ་འགོག་དང་ས་གཤིས་གནོད་འཚེ་འགོག་ཟོན་ལས་ཀར་ཡང་བསྐྱར་བཀོད་སྒྲིག་དང་ལྟ་སྐུལ་གནང་བ་རེད།།

༄༅།། སྤྱི་ཟླ7པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བརྙན་འཕྲིན་བཀོད་གཏོང་ཚོགས་འདུའི་སྙིང་དོན་དང་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་ལས་ཚབ་ཧྲི་ཞའོ་ལིན་དང་ཞིང་དཔོན་གཞོན་པ་ཙའོ་ཡུང་ཞང་གི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ། གཙོ་གནད་རྫོང(གྲོང་ཁྱེར)གྱི་འབྲུབ་འགོག་གནོད་སེལ་གྱི་གནས་ཚུལ་སྐབས་བསྟུན་བཀོད་གཏོང་དང་གཙོ་གནད་ལས་ཀར་བཀོད་སྒྲིག་གནང་བ་རེད། ཁོང་གིས་བསམ་བློའི་ཐད་མཐོང་ཆེན་ཚད་མཐོན་པོར་བྱ་དགོས་པ་དང་། མངོན་མེད་རྐྱེན་ངན་རྩད་ཞིབ་བྱ་དགོས་པ། གནོད་འཚེ་བྱུང་སྐབས་ཉེན་གཡོལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱ་དགོས་པ། མི་སྣའི་ཉེན་མེད་ལ་འགན་ལེན་ཏན་ཏིག་བྱ་དགོས་པ་དང་ལས་རེས་ལ་ཤུགས་བསྣོན་དགོས་ཞེས་ནན་གསུང་གནང་བ་རེད།།

༄༅།། ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རོང་ཉག་ཆུ་དང་ལི་ཐང་རྫོང་དུ་སོང་ནས་འབྲུབ་འགོག་གནོད་སེལ་སོགས་ཀྱི་ལས་ཀར་བརྟག་ཞིབ་ཁྲིད་སྟོན་བྱས་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་བརྒྱུད་བསྒྲགས་བྱས།།