国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྕགས་ཟམ་རྫོང་ཁྲེང་ཝུའུ་སློབ་ཆུང2023ལོའི་སློབ་གྲྭ་ཆུང་འབྲིང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭར་བདམས།

སློབ་ཕྱིའི་ཟུར་ཁྲིད་པས་སློབ་མ་ཚོར་རྒྱལ་སྲུང་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།

ཉེ་ཆར། སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་ཡིས2023ལོའི་སློབ་གྲྭ་ཆུང་འབྲིང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་གཏན་འཁེལ་ཁྱབ་བསྒྲགས་བྱས་པ་ནང་ལྕགས་ཟམ་རྫོང་ཁྲེང་ཝུའུ་སློབ་ཆུང་དེ“2023ལོའི་སློབ་གྲྭ་ཆུང་འབྲིང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ”ལ་བདམས་པ་རེད།

ལྕགས་ཟམ་རྫོང་ཁྲེང་ཝུའུ་སློབ་ཆུང་བཙུགས་པ་ནས་བཟུང་སློབ་མའི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ་རྒྱལ་སྲུང་སློབ་གསོ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་དང་ཀུན་སྤྱོད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད། གཙོ་དོན་གྱི་འཛིན་གྲྭའི་ཚོགས་འདུ་དང་།དར་ཆ་སྒྲེང་བའི་བྱེད་སྒོ། སློབ་གྲྭའི་རྒྱང་བསྒྲགས། བསམ་བློ་ཆབ་སྲིད་སློབ་གསོའི་སློབ་ཚན་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱལ་སྲུང་སློབ་གསོ་སྤེལ་བ་རེད། དམག་འཛུགས་དུས་ཆེན་དང་དམངས་ཡོངས་རྒྱལ་སྲུང་སློབ་གསོའི་ཉིན་མོར་གསར་བརྗེའི་གླུ་གཞས་འགྲན་བསྡུར་དང་། གཙོ་དོན་གྱི་གཏམ་བཤད། རྒྱལ་སྲུང་སློབ་གསོའི་ཤེས་བྱའི་འཆད་ཁྲིད་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱལ་སྲུང་སློབ་གསོའི་འདུ་ཤེས་མི་སེམས་སུ་བརྟན་པོ་ཆགས་ཐུབ་པ་དང་རྒྱལ་སྲུང་ཤེས་བྱ་སློབ་ཁང་ནས་སྤེལ་ཐུབ་པར་བྱས་ཡོད།སློབ་གྲྭ་འདིས་སློབ་དུས་རེར་རྒྱལ་སྲུང་སློབ་ཚན་ཐེངས་རེ་བཀོད་སྒྲིག་བྱས་ནས་སློབ་གྲྭའི་ནང་གི་འབྲེལ་ཡོད་དགེ་རྒན་དང་རྫོང་མི་དམངས་དྲག་དཔུང་གི་སློབ་ཕྱིའི་ཟུར་ཁྲིད་པས་སློབ་མར་རྒྱལ་སྲུང་ལོ་རྒྱུས་དང་བཅིངས་འགྲོལ་དམག་གི་དམག་དོན་ལོ་རྒྱུས་ཁྲིད་ནས་རྒྱལ་སྲུང་ཤེས་བྱ་དང་རྒྱལ་སྲུང་སྙིང་སྟོབས་གསོ་སྐྱོང་བྱས་པ་རེད། དེ་དང་ཆབས་ཅིག་གཙོ་དོན་འཛིན་གྲྭའི་ཚོགས་འདུའི་སློབ་ཚན་གཞི་རྟེན་དུ་བྱས་ཏེ་རྣམ་པ་སྣ་མང་གི་རྒྱལ་སྲུང་སློབ་གསོ་སྤེལ་ནས་སློབ་མའི་རྒྱལ་གཅེས་དམག་གུས་ཀྱི་སྤྲོ་སེམས་འཕེལ་བ་དང་སློབ་མའི་རྒྱལ་སྲུང་འདུ་ཤེས་ཇེ་རྒྱས་བཏང་ཡོད།

སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས“ཕྱིན་ཆད། ལྕགས་ཟམ་རྫོང་ཁྲེང་ཝུའུ་སློབ་ཆུང་གིས་སྔར་བཞིན་དུས་རབས་གསར་པའི་རྒྱལ་སྲུང་སློབ་གསོ་ཡག་པོ་བསྒྲུབས་ཏེ་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སློབ་གྲྭ་ཆུང་འབྲིང་གི་རྒྱལ་སྲུང་སློབ་གསོ་དཔེ་སྟོན་སློབ་གྲྭའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དེ།གསར་གཏོད་བྱེད་སྒོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་ཚད་གཞི་མཐོ་བའི་སློབ་གྲྭའི་རྒྱལ་སྲུང་སློབ་གསོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན”ཞེས་བཤད།།

(སྐལ་བཟང་རྒྱ་མཚོས་བསྒྱུར།)