国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་རི་སྐྱེས་ཤ་མོ་སྣ་ཚོགས་ཁྲོམ་རར་བཤམས་ནས་བྲིན་པ།

ཉེ་ཆར། ཆར་ཆུ་རིམ་བཞིན་འབེལ་བ་དང་བསྟུན་ནས་རང་ཁུལ་གྱི་ས་གནས་ཁག་ཏུ་རི་སྐྱེས་ཤ་མོ་སྣ་ཚོགས་སྐྱེ་བའི་དུས་ལ་སླེབས། མི་སེར་ཚོ་རི་སྟེང་དུ་ཤ་མོ་འཐུ་སར་སོང་བ་དང་ལོ་གཅིག་དུས་གཅིག་གི་ཤ་མོ་ཟ་བའི་དུས་ཚིགས་དངོས་སུ་འགོ་ཚུགས་པ་རེད།

དར་མདོ་གྲོང་ཁྱེར་ཞིང་ཚོང་ཁྲོམ་རར་བཟའ་ཆོག་པའི་རི་སྐྱེས་ཤ་མོ་སྣ་ཚོགས་ཁྲོམ་རའི་ཟུར་ལ་འཚོང་བཞིན་ཡོད་དེ། ཚོང་པ་ཚོས་གསར་དུ་བཏུས་པའི་ཤ་མོ་སྣ་ཚོགས་རིགས་ཕྱེ་ནས་བཤམས་ཤིང་ཡུལ་སྐོར་བ་དང་ཡུལ་མི་མང་པོ་འཛོམས་ནས་རིན་གོང་འདྲི་རྩད་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་ཡུལ་རྫོང་གི་ད་ལོའི་རི་སྐྱེས་ཤ་མོ་ཁྲོམ་རར་ཐོན་པའི་དུས་ཚོད་དེ་ན་ནིང་ལས་ཉིན་བཅུ་ལྷག་སྔ་ཡོད་ལ། ཆར་ཆུ་འབེལ་བའི་དབང་གིས་རི་སྐྱེས་ཤ་མོའི་སྤུས་ཚད་ཇེ་མཐོ་དང་གྲངས་འབོར་མང་དུ་ཕྱིན་ཡོད།

ཤ་མོ་བྲོ་བ་ཞིམ་ཡང་འཐུ་ནོར་དང་བཟའ་ནོར་སོང་ན་དུག་ཕོག་སྲིད་པས་ཡིད་གཟབ་བྱ་དགོས་པ་སྟེ། རང་གིས་བཟའ་མ་མྱོང་པ་དང་ངོ་མི་ཤེས་པ། ཞིང་སྨན་དང་ལུས་རྫས་འདྲེས་པའི་ཤ་མོ། ཁ་དོག་ཚོན་མདངས་རྣམ་པར་བཀྲ་བའི་ཤ་མོ། སྨིན་ནས་རུལ་བའི་ཤ་མོ་བཅས་བཟའ་མི་རུང་བ་དང་དེ་ལས་རི་སྐྱེས་ཤ་མོ་ཟ་དུས་ཆང་གཏན་ནས་འཐུང་མི་ཉན་པའོ། ། (ཡེ་ཤེས་ཀྱིས་བསྒྱུར།)