ཉེ་ཆར་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་འགའ་ཤས་སུ་ཆར་པ་ཆེན་པོ་དང་དྲག་ཆར་སོགས་འབབ་རྒྱུ་ཡོད་ལ། ས་ཆ་འགའ་རེར་སེར་བ་འབབ་པ་དང་དུས་ཡུན་ཐུང་ངུའི་རིང་དྲག་ཆར་འབབ་རྒྱུའི་ཉེན་ཁ་ཡོད་པ་རེད། ད་ལྟ་ནི་དབྱང་གནང་གི་ཡུལ་སྐོར་མང་བའི་དུས་སྐབས་ཡིན་ལ། ཚོགས་པའི་ཡུལ་སྐོར་དང་སྒེར་འཁོར་གཏོང་བའི་ཡུལ་སྐོར་བྱེད་སྒོ་ཇེ་མང་འགྲོ་བཞིན་ཡོད། བསྟུད་མར་ཆར་ཆུ་འབབ་པ་ཡིས་ཡུལ་སྐོར་བའི་བདེ་འཇགས་ལ་གནོད་རྐྱེན་བཟོ་སྲིད་པས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་དབྱར་གནང་གི་ཞོད་དུས་ཡུལ་སྐོར་ཐད་ཀྱི་ཉེན་བརྡ་ཁྱབ་བསྒྲགས་བྱས་ནས་ཡུལ་སྐོར་བས་བདེ་འཇགས་སྐོར་ཡིད་གཟབ་དགོས་པར་དྲན་སྐུལ་བཟོས་ཡོད་པ་སྟེ།
ཡུལ་སྐོར་ལས་གཉེར་སྤེལ་མེད་པའི་ས་ཆ་རུ་ཡུལ་སྐོར་འགྲོ་བ་དང་། ཉེན་བགམ་བྱེད་པའམ་རྐང་ཐང་སོགས་འགྲོ་མི་ཉེན། རང་གི་ལུས་ཕུང་གི་གནས་ཚུལ་དང་བསྟུན་ནས་བར་སྣང་དང་མྱུར་འགྲོས།གཡེང་བསྐྱོད། མཆོང་ལྡིང་སོགས་ཉེན་ཁ་ཆེ་བའི་རྣམ་གྲངས་དག་རྩེ་བར་གཟབ་གཟབ་བྱ་དགོས།
དཔང་རྟགས་ཡིག་ཆ་ཆ་ཚང་ཡོད་མཁན་དང་སྙན་གྲགས་བཟང་པོ་ཡོད་པའི་ཡུལ་སྐོར་ལས་དོན་ཁང་འདེམས་ནས། ཡུལ་སྐོར་གན་རྒྱ་འབྲི་དུས་ཡུལ་སྐོར་རྣམ་གྲངས་ཀྱི་ཞབས་ཞུའི་ནང་དོན་དང་། ཞབས་ཞུའི་ཚད་གཞི། ཡུལ་སྐོར་ཉེན་འགན། ད་དུང་གན་རྒྱ་ལས་འགལ་བའི་འགན་འཁྲི་བཅས་ལ་ཞིབ་ཆ་ལྟ་དགོས།
༡ ཚོགས་པའི་ནང་ཞུགས་པའི་ཡུལ་སྐོར་སྤུས་ཚད་ལ་དཔྱད་ཞིབ་བྱེད་པ།
༢ ཆུ་བརྒལ་བ་སོགས་ཀྱི་བྱ་འགུལ་ཁྲོད་ཀྱི་སྲུང་སྐྱོབ་གལ་ཆེན།
ཆུ་བརྒལ་བའི་བྱ་འགུལ་ཁྲོད་ངེས་པར་དུ་ཆེད་ལས་མི་སྣའི་ཁྲིད་སྟོན་ལ་ཉན་དགོས། སྲོག་སྐྱོབ་གོས་གྱོན་ནས། ཆུའི་ཟབ་ཚད་མི་ཤེས་པ་དང་། ཉན་ཁ་ཆེ་བའི་ཆུ་ཁོངས་བཅས་སུ་འགྲོ་ནས་ཆུ་རྐྱལ་བྱེད་མི་ཉེན་ལ། ཕྲུ་གུས་ཆུ་རྐྱལ་དུས་ངེས་པར་དུ་ཁྱིམ་བདག་གིས་ལྟ་སྐྱོང་དང་མི་བྲལ་བ་བྱེད་ཅིང་། དགོས་ངེས་ཀྱི་སྲོག་སྐྱོབ་སྤྱོད་ཆས་འཁུར་དགོས།
༣ ཉེན་ཁ་ཡོད་པའི་རྣམ་གྲངས་ལ་ཉེན་ཟོན་དགོས་པ།
༤ རང་གིས་རླངས་འཁོར་བསྐོར་ནས་ལྗོངས་རྒྱུ་འགྲོ་དུས་ གཟབ་དགོས་ས།
ཕྱི་རུ་མ་འགྲོ་གོང་རླངས་འཁོར་ལ་གནད་དོན་ཡོད་མེད་བརྟག་དཔྱད་ཡག་པོ་བྱ་དགོས་ལ། ཁ་ལོ་བས་གཉིད་འདང་ངེས་དང་། ངལ་དུབ་འབྱུང་དུས་རླངས་འཁོར་གཏོང་མི་ཉེན། རླངས་འཁོར་ནང་སྡོད་མཁན་གྱིས་ལམ་ཐོག་ནས་ངེས་པར་དུ་སྲུང་ཐག་ལེགས་པོ་བསྡམས་ནས། མགྱོགས་ཚད་དང་ཤོང་ཚད་ལས་མི་བརྒལ་བ་དང་། ཆང་འཐུས་རྗེས་རླངས་འཁོར་མི་བསྐོར་བ། ངལ་དུབ་འབྱུང་དུས་རླངས་འཁོར་མི་བསྐོར་བ་བཅས་བྱ་དགོས།
༥ བཟའ་བཏུང་ཚད་མཐུན་བཟའ་དགོས་པ་ལས་འཕྲོ་བརླག་ མི་བྱེད་པ།
གང་བྱུང་དུ་རི་ཁའི་ཤིང་འབྲས་མི་བཟའ་བ་དང་། ཆུ་གྲང་མོ་འཐུང་མི་ཉེན། རང་གི་བདེ་ཐང་དང་འཚམ་པའི་བཟའ་བཏུང་ལས་ཚད་བརྒལ་གྱིས་ཟ་མ་མི་འབོད་པ། གྲོན་ཆུང་ལ་བརྩོན་ཏེ་འཕྲོ་བརླག་གི་གོམས་གཤིས་མེད་པ་བྱ་དགོས།
༦ ཉེན་ཁ་དང་འཕྲད་དུས་སེམས་རྣལ་དུ་ཕབ་པ།
གློ་བུར་དུ་ཉེན་ཁ་འབྱུང་དུས་སེམས་རྣལ་དུ་ཕབ་དགོས་པ་དང་། དུས་ཐོག་ཏུ་ཉེན་བརྡའི་ཁ་པར་གཏོང་ནས་རོགས་སྐྱོབ་འཚོལ་དགོས། རོགས་སྐྱོབ་བྱེད་པར་སྒུག་པའི་རིང་བཟོད་བསྲན་བྱེད་ནས་ལུས་ཤུགས་མི་ཉམས་པར་བྱེད་དེ་འཚང་ཁ་རྒྱག་ནས་འཚབ་འཚུབ་སློང་བར་གཡོལ་དགོས། (ཁམས་པའི་བརྙན་འཕྲིན་ནས་དྲངས།)