国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་འབའ་གཞས་དང་གསེར་རྟ་ཟློས་གར་གཉིས་མིང་ཐོ་འདིའི་ནང་ཚུད་ཡོད།

ཉེ་ཆར། སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་གཞུང་ཕྱོགས་དྲྭ་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རིག་གནས་དང་ཡུལ་སྐོར་ཐིང་གིས“གཟུགས་མེད་རིག་གནས་ཤུལ་བཞག་སི་ཁྲོན· གྲོང་ཁྱེར་མང་པོ་དང་སྒྱུ་རྩལ་སྣ་མང”ཞེས་པའི་སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྤུས་རྟགས་ཞིབ་དཔྱད་ལས་དོན་ཁག་གཉིས་པ་སྒྲིག་འཛུགས་བྱས་ནས་སྤེལ། དེའི་ནང་དུ་རང་ཁུལ་གྱི་འབའ་གཞས་དང་གསེར་རྟ་ཟློས་གར་གཉིས་སྤུས་རྟགས་གྲོས་འགོའི་མིང་ཐོའི་ནང་ཚུད་ཡོད།

འབའ་གཞས།

ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་པའི་འབའ་གཞས་ནི་བོད་རིགས་ཀྱི་ཞབས་བྲོ་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན།2000ལོར་འབའ་ཐང་ལ་རྒྱལ་ཁབ་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གཞས་ཀྱི་འབྱུང་ཡུལ་ཞེས་མིང་བཏགས་པ་དང2006ལོར་འབའ་གཞས་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་ཁག་དང་པོའི་མིང་ཐོའི་ནང་བཅུག། དེ་ནི་འབའ་ཐང་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་བརྒྱུད་འཛིན་བྱས་པའི་བརྩེ་སེམས་དང་བློ་གྲོས་ཡིན་པར་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཏུ་གྱུར་བའི་རིག་གནས་ཆགས་སྟངས་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཀྱང་ཡིན།

གསེར་རྟ་ཟློས་གར།

གསེར་རྟ་ཟློས་གར་ནི་ཨ་མདོ་ཟློས་གར་གྱི་རྨང་གཞིར་ཐོག་གསེར་རྟའི་ཡུལ་སྐད་དང་དེ་བཞིན་ས་གནས་དམངས་ཁྲོད་གླུ་གར་འཁྲབ་སྟོན་གྱི་གཞི་རྒྱུ་ལྡན་པའི་ས་གནས་ཟློས་གར་གྱི་གྲས་ཤིག་ཡིན། དར་ཁྱབ་ཆེ་བའི་ས་ཁུལ་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་ཡིན་པས་མིང་དེ་ལྟར་ཐོགས། གསེར་རྟ་ཟློས་གར་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་གཞིའི་ཁོངས་སུ་གཏོགས།

གསེར་རྟ་ཟློས་གར་ནི་གེ་སར་ཟློས་གར་དང་མི་རིགས་དཀྲོལ་ལེན། མི་རིགས་གཞས་མ་གཏམ། རྒྱན་གོས་འགྲེམས་སྟོན། མི་རིགས་གླུ་གར་བཅས་ཁག་བརྒྱད་ལས་གྲུབ་པ་རེད། དུས་རབས་མང་པོའི་འཕེལ་རྒྱས་དང་འཕོ་འགྱུར་ཁྲོད་གནའ་བོའི་ཏི་ཆང་རིག་གནས་དང་། མི་ཉག་རིག་གནས། སོག་འབྲོག་རིག་གནས། རྒྱའི་རིག་གནས་བཅས་དང་ས་གནས་དེའི་གཞས་རྩལ་དང་གླུ་གར་སོགས་མཉམ་དུ་འདྲེས་ནས་བོད་ལྗོངས་དང་མཚོ་སྔོན། དེ་བཞིན་ས་ཁུལ་གཞན་དག་བཅས་དང་མི་འདྲ་བའི་བོད་ཀྱི་ཟློས་གར་རིགས་ཤིག་ཏུ་གྱུར་ཡོད།།

( རྟ་མགྲིན་རྡོ་རྗེས་བསྒྱུར།)