国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་ སྐབས་ཉེར་དྲུག་པ་སྤེལ་འགོ་བཙུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕན་ཞུས་ཀྱིས་པར་བླངས།

སྤྱི་ཟླ7པའི་ཚེས14ཉིན་ལྟད་མོ་བས་ཚན་རྩལ་དངོས་མང་སྟོན་ཚོགས་ཀྱི་ལྷོ་ཕྱོགས་གློག་དྲྭའི་འགྲེམས་སྟེགས་མདུན་ནས་རྣམ་པ་གསར་པའི་ནུས་གསོག་གསར་གཏོད་ལྟེ་གནས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱེད་བཞིན་པ།

སྤྱི་ཟླ7པའི་ཚེས14ཉིན་ལྟད་མོ་བ་ཆུང་ཆུང་ཞིག་གིས་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་པའིC919གནམ་གྲུ་ཆེན་པོའི་ལད་མོ་གྲུ་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

སྤྱི་ཟླ7པའི་ཚེས14ཉིན་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པའི་ལས་དོན་མི་སྣས་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་ལྟད་མོ་བ་ཆུང་ཆུང་ཞིག་ལ་མི་རབས་གསར་པས་བཟོས་པའི་ཉི་མའི་ཀྲུང་གོའི་འཁོར་རྒྱུན་ཨང་གསུམ་པ་ངོ་སྤྲོད་བྱེད་བཞིན་པ།

སྤྱི་ཟླ7པའི་ཚེས14ཉིན་ལྟད་མོ་བས་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་འཕྲུལ་མི་ལ་ལྟད་མོ་ལྟ་བཞིན་པ།

སྤྱི་ཟླ7པའི་ཚེས14ཉིན་ལྟད་མོ་བས་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་ལུས་རྩལ་འཕྲུལ་མི་ལ་ལྟད་མོ་ལྟ་བཞིན་པ།

སྤྱི་ཟླ7ཚེས13ནས་ཚེས16ཉིན་བར་ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་ཉེར་དྲུག་པ་པེ་ཅིང་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་འཚོགས་པ་རེད། སྐབས་འདིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་ལ་ཆ་འཕྲིན་ཚན་རྩལ་དང་རིག་ནུས་བཟོ་སྐྲུན། སྨན་བཅོས་བདེ་ཐང་།འབྱུང་འཕྲོད་ཐཱན་གཉིས།ཨང་ཀིའི་དཔལ་འབྱོར། ས་ཁོངས་གསར་གཏོད་འཕེལ་རྒྱས་སོགས་ཆེད་དོན་འགྲེམས་ཁུལ6བཀོད་སྒྲིག་བྱས་ཏེ།ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་འཕེལ་ཕྱོགས་གསར་ཤོས་འགྲེམས་སྟོན་བྱས་པ་རེད།