国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






པ་ལི་རུ་ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་དང་དེང་རབས་ཇུས་འགོད་བཤམས་སྟོན་བྱས།

སྤྱི་ཟླ7པའི་ཚེས6ཉིན་ལ། ཧྥ་རན་སིའི་རྒྱལ་ས་པ་ལིའི་རྒྱན་སྤྲས་སྒྱུ་རྩལ་ཁང་དུ་སྐྱེ་དངོས་ཡོད་དགུ་གསར་དུ་ཐོན་པ་སྟེ་ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་དང་དེང་རབས་ཇུས་འགོད་བཤམས་སྟོན་འགོ་བཙུགས་པ་དང་། ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བཟོ་རྩལ་དང་དེང་རབས་གསར་གཏོད་ཐོན་རྫས་ལྟ་གནད་དུ་གྱུར་ཡོད། ཐེངས་འདིའི་བཤམས་སྟོན་ནི་ཉི་འོད་འཕྲིན་སྦྱོར་ཚོགས་པ་དང་ཀྲུང་གོ་རྒྱལ་ཁབ་ཟོང་རྟགས་དྲ་བས་མཉམ་དུ་གཉེར་ཞིང་། འདབ་སྐུད་ཕྲ་རྒྱན་དང་ཤིང་བཟོ་སྨྱུག་བསླས། ཇ་བཟོ། ཆང་བསྙལ། རྫ་མ། འཐག་བསླས་འཚེམ་དྲུབ་སོགས་ཀྱི་རིགས་མང་འདུས་པའི་བརྩམས་ཆོས་བརྒྱ་ལྷག་བཤམས་ཡོད། དེའི་ནང་ཀྲུང་གོའི་གཟུགས་མེད་རིག་གནས་ཤུག་བཞག་གི་བཟོ་རྩལ་བརྩམས་ཆོས་ཡོད་པར་མ་ཟད། ད་དུང་དེང་རབས་ཀྱི་ཇུས་འགོད་ཐོན་རྫས་མདུན་གྲས་གསར་པ་མང་པོ་ཡང་ཡོད་པ་རེད།

ཉི་འོད་འཕྲིན་སྦྱོར་ཚོགས་པའི་རྐང་དཔོན་དབྱང་ནན་གྱིས་བཤམས་སྟོན་བརྒྱུད་དེ་ལྟད་མོ་བ་ཚོར་ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱབ་ཏུ་ཡོད་པའི་རང་བྱུང་དང་མི་རིག་ཁོར་ཡུག། གསར་གཏོད་བརྒྱུད་རིམ། ཚེ་སྲོག་གི་བརྩེ་འདང་བཅས་རྒྱུས་ལོན་ཆེད་ཡིན། ཀྲུང་གོའི་ཇུས་འགོད་པ་རབས་གསར་པ་དར་སྒང་ཡིན་ལ། ཁོ་ཚོས་གནའ་རྒྱུན་བསྐྱངས་ཀྱང་གནའ་མཁྲེགས་མི་བཟུང་ཞིང་། མིག་རྒྱང་ཡངས་པོ་དང་མཚོན་སྟངས་སྣ་མང་བརྒྱུད་ནས་འཚོ་བའི་མཛེས་རིག་གསར་པ་གཏོད་པས་མ་ཚད། ཀྲུང་གོའི་གསར་སྐྲུན་ལ་ཡང་བསྐྱར་ཚད་དཔོག་ཀྱང་བྱས་ཡོད་ཅེས་བཤད་པ་རེད། ཚེས19ཉིན་ལ་བཤམས་སྟོན་མཇུག་བསྒྲིལ་པ་རེད།།