国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

དངོས་མིང་ལ་ཚེ་དཔག་སྐྱབས་ཟེར་ཞིང་། སྨྱུག་མིང་དུ་མ་རུའི་ཚེ་དཔག་སྐྱབས་ཞེས་འབོད།དགུ་བཅུ་བའི་ནང་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་གསེས་མ་རུ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐྱེས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ཅིང་། ༢༠༡༩ལོར་དངོས་གཞི་སློབ་མཐར་ཕྱིན་མ་ཐག་མཚོ་སྔོན་དགེ་འོས་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། ༢༠༢༡ལོར་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཤེས་རམས་པའི་དམ་བཅའ་བཞག། སློབ་སྦྱོང་གི་ཞོར་ནས་དཔྱད་རྩོམ་དང་སྙན་ངག་ཁག་ཅིག་ཀྲུང་གོའི་རིག་པ་དང་། རྩེར་སྙེག། སྦྲང་ཆར། བོད་ཀྱི་རྩོམ་རིག་སྒྱུ་རྩལ། ཟླ་ཟེར། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་སོགས་ཞིང་ཆེན་རིམ་པའི་དུས་དེབ་ཚད་ལྡན་དུ་བཀོད། ༢༠༡༧ལོར་ཚངས་སྲས་བུམ་པ་རྟགས་མའི་སྲོལ་རྒྱུན་སྙན་ངག་འགྲན་སྡུར་གྱི་ཨང་གསུམ་པའི་བྱ་དགའ་དང་། ༢༠༢༠ལོར་བསེ་ཚང་རྩོམ་རིག་བྱ་དགའི་བརྩམས་ཆོས་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའི་མིང་རྟགས་ཐོབ། ད་ལྟ་ཀན་ལྷོ་ཁུལ་ཟླ་ཟེར་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་མུས་སུ་མཆིས།