国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་ལས་ཀའི་ཚོ་ཆུང་ཁྲིད་དེ་རང་ཁུལ་དུ་བརྟག་ཞིབ་གནང་།

སྤྱི་ཟླ7པའི་ཚེས15ནས16ཉིན་བར་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་ལས་ཀའི་ཚོ་ཆུང་ཁྲིད་དེ་རང་ཁུལ་གྱི་ལྕགས་ཟམ་རྫོང་དུ་འཐབ་ཇུས་རང་བཞིན་གྱི་གཏེར་ཁ་རྩད་ཞིབ་སྔོག་འདོན་དང་། བེད་སྤྱོད་བྱེད་པ་བཅས་ལ་སྐུལ་བ་དང་། སི་ཁྲོན་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་འདེགས་སྐྱོར་ཇེ་དྲག་གཏོང་ཞིང་། དེང་རབས་ཅན་གྱི་སི་ཁྲོན་སེམས་མཐུན་མཉམ་སྐྲུན་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་དམིགས་ནས་བརྟག་ཞིབ་སྐུལ་ཁྲིད་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་མ་ཟད་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

རྡོ་རྗེ་རབ་བརྟན་དང་བཅས་པ་སྔ་ཕྱིར་ལྕགས་ཟམ་ཁའི་ཞའོ་མོ་ཧོ་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་སོགས་སུ་ཕེབས་ནས་ཡུལ་དངོས་སུ་ཁེ་ལས་ཀྱི་ཐོན་ལས་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། ཞིང་སྡེ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

རྡོ་རྗེ་རབ་བརྟན་གྱིས་དཀར་མཛེས་ཁུལ་ནི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པའི་ཁྲོད་གལ་ཆེའི་གོ་གནས་བཟུང་ཡོད་པས། ངེས་པར་དུ་འཐབ་ཇུས་རང་བཞིན་གྱི་གཏེར་ཁ་རྩད་ཞིབ་དང་སྔོག་འདོན། བེད་སྤྱོད་བཅས་སྐུལ་བའི་ཐད་འབད་བརྩོན་ཆེན་པོ་བྱས་ནས་གཏེར་རྫས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་སུ་བསྒྱུར་དགོས་ཞེས་ནན་གསུང་གནང་།

བརྟག་དཔྱད་ཞིབ་འཇུག་གནང་རིང་། རྡོ་རྗེ་རབ་བརྟན་དང་ལྷན་ཕེབས་རྣམས་ལྕགས་ཟམ་རྫོང་སྲིད་གྲོས་ལས་ཁུངས་སུ་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་བར་ཕེབས་ཤིང་། ཚང་མར་དེང་རབས་ཅན་གྱི་སི་ཁྲོན་སེམས་མཐུན་མཉམ་སྐྲུན་བྱ་རྒྱུར་གཞི་རིམ་སྲིད་གྲོས་ཀྱི་ནུས་ཤུགས་དེ་ལས་ལྷག་པར་འབུལ་དགོས་པའི་སྐུལ་མ་གནང་བ་རེད།།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་འབྲེལ་ཡོད་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།། ( ལྷ་འཛོམས་ཀྱིས་བསྒྱུར།)