国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཁུལ་ཨུའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་ཀ་རྟའུ་དང་བྲག་མགོ། གསེར་རྟ་བཅས་ཀྱི་ཆེད་དོན་ཚོགས་འདུར།

བོད་བརྒྱུད་ནང་བསྟན་ལས་དོན་ཁྲིམས་ལྟར་དོ་དམ་ཚད་ལྡན་བྱ་རྒྱུ་རྒྱུན་འཁྱོངས་ནས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས་ཞེས་གསུངས།

སྤྱི་ཟླ7པའི་ཚེས11ནས13ཉིན་བར་ལ་ཁུལ་ཨུའི་བོད་བརྒྱུད་ནང་བསྟན་ལས་ཀའི་ཆེད་དོན་ཚོགས་འདུ་རྟའུ་རྫོང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་དེ། ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ལས་དོན་དོ་དོམ་ཚད་ལྡན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་བརྟན་ཁམས་བདེ་ཐབས་ཇུས་མངོན་འགྱུར་གྱི་གཙོ་གནད་ས་ཆའི་འགན་འཁྲི་ཏན་ཏིག་འཁུར་དགོས།།