国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུས་ཆེད་དོན་གྲོས་ཚོགས་འཚོགས་ཏེ།

མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་ལས་དོན་ལ་ཞིབ་འཇུག་བྱས།

སྤྱི་ཟླ7པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁུལ་ཨུའི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས་ཤིང་།ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་གྱི་གཅིག་བསྡུས་དག་ཐེར་ལས་ཀ་སྐུལ་འདེད་གཏོང་ཚུལ་ལ་གསན་ཞིང་། སླད་ཕྱིན་གྱི་ལས་ཀར་ཡང་བསྐྱར་བཀོད་སྒྲིག་དང་སྐུལ་འདེད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སུ་ཧྲེན་དབྱང་གིས་ནན་གསུང་གནང་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་བསྡུས་དག་ཐེར་ལས་ཀར་ཤུགས་ཆེན་བསྐུལ་བའི་སྐོར་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གཅིག་བསྡུས་དག་ཐེར་དམིགས་འབེན་ལ་དམ་པོར་དམིགས་ནས་ལས་ཀའི་བྱེད་ཐབས་བསྣན་ཏེ་གཅིག་བསྡུས་དག་ཐེར་ལས་ཀར་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཇེ་དྲག་ཏུ་གཏང་དགོས།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། དཔེ་བསྡུར་གཞི་བསྡུར་ནན་པོར་བྱས་ནས་གཅིག་བསྡུས་དག་ཐེར་ལས་ཀ་ཇེ་ཟབ་དང་ཏན་ཏིག་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས། གཅིག་ནས་རང་སྐྱོན་རང་བཤེར་ཇེ་ཟབ་ཏུ་གཏང་དགོས། གཉིས་ནས་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས། གསུམ་ནས་གྱོད་དོན་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནས་ཡུན་ཕན་ལམ་སྲོལ་ཆགས་པར་བྱ་དགོས།

གྲོས་ཚོགས་སུ་ཁུལ་སྒྲིག་བཤེར་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་སྐུལ་འདེད་བཏང་ཚུལ་སྙན་སེང་ཞུས་པ་དང་། ཁུལ་སློབ་གསོ་ལུས་རྩལ་ཅུས་དང་ཞིང་འབྲོག་ཞིང་སྡེ་ཅུས་སོགས་སྡེ་ཁག་གིས་གཙོ་གནད་ཁྱབ་ཁོངས་དག་ཐེར་བྱས་ཚུལ་སྙན་སེང་ཞུས་པ་རེད།

ཁུལ་གྱི་མགོ་ཁྲིད་ཝང་ཡུས་ཆུང་དང་ཅིན་ཝུའུ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)