国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མགོ་ཁྲིད་ཀྱིས་འབའ་ཐང་དང་དཔལ་ཡུལ། དཀར་མཛེས།བྲག་མགོ། རྟའུ་རྫོང་བཅས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས།

སྤྱི་ཟླ7པའི་ཚེས10ནས་ཚེས14ཉིན་བར། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རོང་འབའ་ཐང་དང་དཔལ་ཡུལ། དཀར་མཛེས། བྲག་མགོ། རྟའུ། ཡ་ཆེན་དགོན་པ་དོ་དམ་ཨུ་ལྷན་སོགས་སུ་སོང་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱས་པ་དང་། ལས་ཡུལ་དང་པོའི་མི་དམངས(རམ་འདེགས)ཉེན་རྟོག་པར་འཚམས་འདྲི་བྱས་པ་རེད། ཁོས་ཉེན་ཁ་སྔོན་འགོག་དང་།བདེ་འཇགས་འགན་ལེན། བརྟན་བརླིང་སྲུང་སྐྱོང་བཅས་ལ་ལྷོད་གཡེང་སྤུ་ཙམ་མེད་པ་དང་།ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྲུང་སྐྱེལ་བྱ་དགོས་ཞེས་ནན་བཤད་བྱས།། ( བདེ་སྐྱིད་ཀྱིས་བསྒྱུར།)