国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ཕྲེང་ཡུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་འོད་སྟོང་འབར་བའི་མི་རིགས་རིག་གནས་ཀྱིས་ཡུལ་སྐོར་བ་མང་པོའི་སེམས་པ་འགུགས། རི་མགོ་ནས་མར་ལྟ་དུས་བོད་ཁང་དཀར་པོ་དེ་དག་ནི་གང་སར་འཐོར་བའི་མུ་ཏིག་དཀར་པོ་དང་གཅིག་ཏུ་མཚུངས། ཕྱག་ཕྲེང་རྫོང་གི་བོད་ཁང་དཀར་པོའི་ཐུན་མོང་མ་ཡིན་པའི་ཕྱི་ཚུལ་གྱི་རྣམ་པ་དང་ཕྱག་ཕྲེང་ཁྲ་ཆེན། བསམ་འཕེལ་གླིང་དགོན་བཅས་ལ་ཕྱག་ཕྲེང་གི་སྐད་གྲགས་ཅན་གསུམ་དུ་བརྗོད་ཅིང་ཡོད་པ་རེད།།