国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲག་ཆར་འབབ་སྐབས་ཉེན་མེད་སྔོན་འགོག་ བྱེད་ཐབས།

དང་པོ།ཁང་པའི་ནང་གི་ཉེན་མེད་རྒྱུན་ཤེས།

༡ སྒོ་དང་སྒེའུ་ཁུང་དུས་ཐོག་ཏུ་བརྒྱག་དགོས།

༢ གློག་སྒྲོན་འོག་ཏུ་ལངས་མི་ཉན།

༣ གཞན་ལ་ཁ་པར་གཏོང་བ་དང་ཁ་པར་ཉན་པ། ཁ་པར་བརྒྱུད་དེ་དྲྭ་ཐོག་ལ་ཞུགས་པ་སོགས་བྱ་རྒྱུ་མེད།

༤ གཟུགས་པོ་འཁྲུ་ཆས་དང་ཉི་ནུས་ཆུ་སྲོ་ཆས་བཀོལ་མི་ཉན།

༥ སྐྲུན་དངོས་ཀྱི་ཕྱི་རོལ་དུ་འབུར་ཡོད་པའི་ཆུ་སྦུག་དང་སོལ་རླངས་སྦུ་གུ་སོགས་ལྕགས་རིགས་དངོས་པོ་དང་བར་ཐག་རིང་དུ་བརྒྱང་དགོས།

༦ དྲག་ཆར་མ་འབབ་གོང་ལ་གློག་ཁུངས་གཅད་དགོས་པ་དང་། བརྙན་འཕྲིན་དང་རྩིས་འཕྲུལ་སོགས་ཁྱིམ་སྤྱོད་གློག་ཆས་ཀྱི་བསྒར་སྣེ་བསྒར་གདན་ལས་ཕྱིར་འཐེན་དགོས།

༧ གྱོན་གོས་དང་ཉལ་ཐུལ་སོགས་ལ་ཡོད་པའི་ལྕགས་སྐུད་ཀྱི་རིགས་སྒེའུ་ཁུང་དང་སྒོ་ཁ་ལ་འཐེན་མི་ཉན།

གཉིས།ཁང་པའི་ཕྱི་རོལ་གྱི་ཉེན་མེད་རྒྱུན་ཤེས།

༡ དྲག་ཆར་མ་འབབ་གོང་ལ་སྲ་ཞིང་བརྟན་པའི་འཛུགས་སྐྲུན་དངོས་པོ་ཞིག་དང་ས་བབ་ཅུང་མཐོ་བའི་སྐྲུན་དངོས་ཤིག་བཙལ་དགོས་པར་མ་ཟད། ཁྱིམ་མི་དང་འབྲེལ་གཏུག་གང་ཐུབ་བྱས་ཏེ་རང་གི་གནས་ཡུལ་ཞིབ་ཕྲ་གསལ་བཤད་བྱས་ནས་ཁྱིམ་མི་རྣམས་བློ་སེམས་བདེ་མོ་ཡོང་བར་བྱ་དགོས།

༢ གལ་ཏེ་ལམ་ངོས་སུ་ཆུ་བཞུར་བཞིན་ཡོད་ཚེ། གང་ལྟར་ཡང་ལམ་ཆུ་བརྒལ་རྩིས་མ་བྱེད།

༣ དྲག་ཆར་དང་གློག་མཉམ་དུ་འཁྱུག་པའི་ཚེ་ལུས་པོ་བརླན་དུ་མི་བཅུག་ནས་འཛུགས་སྐྲུན་དངོས་པོ་ཉེན་ཁ་མེད་པ་བཙལ་ནས་ནང་དུ་བསྡད་དགོས། གལ་ཏེ་དེ་འདྲའི་འཛུགས་སྐྲུན་དངོས་པོ་མེད་ན། གཞུང་ལམ་འགྲམ་གྱི་སྡོང་པོ་དང་གློག་སྐུད་འོག་ཏུ་ལངས་མི་རུང་བར་མ་ཟད་ལག་ནང་གི་ཆར་གདུགས་ཀྱང་ཕར་གཡུག་དགོས། ལྷག་པར་དུ་ཁང་པའི་ཕྱི་རོལ་དུ་ཁ་པར་གཏན་ནས་བཀོལ་མི་ཉན།

༤ དྲག་ཆར་མུ་མཐུད་དེ་བབས་ན་དུས་ཐོག་ཏུ་གབ་ས་ལ་ཉེན་ཁ་ཡོད་མེད་དཔྱད་དཔོག་བྱ་དགོས། ལྷག་པར་དུ་འདམ་རྡོའི་ཆུ་རུད་འབྱུང་སླ་བའི་ས་ཁུལ་གྱི་ཕྱོགས་ཀུན་ལ་དོ་སྣང་ཡག་པོ་བྱ་དགོས།

༥ སྐབས་ཐོག་སྤྱད་པའམ་སྐྲུན་བཞིན་པའི་འཛུགས་སྐྲུན་དངོས་པོའི་འགྲམ་དུ་ལངས་མི་ཉན།

( བློ་བཟང་དོན་འགྲུབ་ཀྱིས་བསྡུས།)