国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱིས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ ཡོང་བའི་བཞུགས་མོལ་ཚོགས་འདུ་འཚོགས།

སྤྱི་ཟླ7པའི་ཚེས17ཉིན། དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་བཞུགས་མོལ་ཚོགས་འདུ་དར་མདོ་རུ་འཚོགས་པ་རེད། ཚོགས་འདུ་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་བཏང་སྟེ་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཁོར་ཡུག་ལེགས་པོ་བསྐྲུན་ཡོད།

ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚའོ་ཞ་ཚོགས་འདུར་ཞུགས།

ཚོགས་འདུར་ཕེབས་པའི་ཆེད་མཁས་པ་དང་མཁས་དབང་ཚོས་ཧུར་ཐག་གིས་ཐབས་ཇུས་བཏོན་ནས་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བརྟག་དཔྱད་དང་ཇུས་འདོན་བྱས་ཏེ《དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བྱེད་ཐབས་བཅུ》ལ་དམིགས་ནས་ཐབས་ཤེས་དང་ཇུས་བཟང་མང་པོ་བཏོན་ཡོད།

ཚོགས་འདུ་ཐོག་ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་ནས་ནུས་ཤུགས་ཡོད་རྒུས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་བཏང་བས་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད། འོན་ཀྱང་། སློབ་གསོའི་ཐོན་ཁུངས་དོ་མི་སྙོམས་པ་དང་། དགེ་རྒན་གྱི་སྟོབས་ཤུགས་ཞན་པ། སློབ་གསོའི་འདུ་ཤེས་རྗེས་ལུས་ཡིན་པ་སོགས་ཀྱི་གནད་དོན་གྱིས་རང་ཁུལ་གྱི་སློབ་གསོའི་བྱ་གཞག་མདུན་སྐྱོད་ལ་འགོག་རྐྱེན་བཟོས་ཡོད།

ཚོགས་འདུ་ཐོག་ཁུལ་ཡོངས་ཀྱིས《དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བརྟག་ཞིབ་སྙན་ཞུ》དང་བཞུགས་མོལ་ཚོགས་འདུ་ཐོག་ཆེད་མཁས་པ་དང་མཁས་དབང་ཚོས་ཐབས་ཇུས་བཏོན་པར་རྨང་གཞིར་བྱས་ནས་གནད་དོན་ཁྲིད་སྟོན་དང་བསམ་འཆར་བསྡུ་ལེན་བྱས་ཏེ《དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བྱེད་ཐབས་བཅུ》རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏང་དགོས།

ཚོགས་འདུའི་སྔོན་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་ཁུལ་ཨུ་རྩོམ་སྒྲིག་གཞུང་དོན་ཁང་དང་། ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། ཁུལ་ནོར་སྲིད་ཅུས། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་སྡེ་ཚན4དང་མཉམ་དུ་མཉམ་འབྲེལ་བརྟག་ཞིབ་ཚོ་ཆུང་བཙུགས་ནས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པའི་དོ་དམ་ཨུ་ལྷན་གྱི་སློབ་གྲྭ་ཆུང་འབྲིང(བྱིས་སློབ་ཁང)104ལ་བཅར་འདྲི་བརྟག་ཞིབ་བྱས་པ་དང་། གཞི་རིམ་གྱི་དགེ་རྒན་དང་། སྲིད་འཛིན་དོ་དམ་དང་ཏང་ཨུ་སློབ་གསོའི་མགོ་ཁྲིད་ཚོ་ཆུང་གི་ཁོངས་མི་སྡེ་ཁག།རྫོང(གྲོང་ཁྱེར)སློབ་གསོ་དང་ལུས་རྩལ་གྱི་མ་ལག་སོགས་ལ་དམིགས་ནས་ཁ་ཕྱོགས་མི་གཅིག་པ་དང་རིམ་པ་མི་གཅིག་པའི་སྒོས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བཞུགས་མོལ་ཚོགས་འདུ་ཐེངས48འཚོགས་པ་དང་།མི2142ཚོགས་འདུར་ཞུགས་པ། བརྟག་དཔྱད་ཡིག་ཆ2400ལྷག་བཀྲམས་པ། བསམ་འཆར་དང་གྲོས་འགོ་ཁག1646བསྡུ་ལེན་བྱས་པ་སོགས་བརྒྱུད་ནས་རང་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་དང་མི་འདང་སར་རྒྱུས་ལོན་བྱུང་བ་དང་།ཁ་གཏད་ཀྱི་ཐབས་ཇུས་བཏོན་ནས《དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་བརྟག་ཞིབ་སྙན་ཞུ》གྲུབ་སྟེ་ད་ཐེངས་ཀྱི་ཚོགས་འདུ་འཚོགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།

སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་སློབ་གསོ་ཚན་རིག་ཁང་། ཞིང་ཆེན་དཔྱད་དཔོག་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དང་ཅིན་ཧྭ་གྲོང་ཁྱེར། ཐའེ་ཀྲོའུ་གྲོང་ཁྱེར་བཅས་ཀྱི་ཁ་གཏད་རོགས་སྐྱོར་སློབ་གྲྭའི་མགོ་ཁྲིད་དང་། པེ་ཅིང་དགེ་ཐོན་སློབ་ཆེན་དང་ཀྲེ་ཅང་ཡུལ་སྐོར་ལས་རིགས་སློབ་གླིང་། སི་ཁྲོན་དགེ་འོས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཞི་ཧྭ་དགེ་འོས་སློབ་ཆེན། ཁྲེང་ཏུའུ་དགེ་ཐོན་སློབ་གླིང་བཅས་ཀྱི་ཆེད་མཁས་པ་དང་། ཁྲེང་ཏུའུ་སློབ་འབྲིང་བདུན་པ་དང་ཁྲེང་ཏུའུ་ཧྲི་ཧྲི་སློབ་འབྲིང་། ཁྲེང་ཏུའུ་སྤྱོད་སྤེལ་སློབ་འབྲིང་། ཁྲེང་ཏུའུ་ཧྲོང་ལིའུ་ཐང་ཧུའུ་སློབ་འབྲིང་། ཁྲེང་ཏུའུ་ཏ་ཝན་སློབ་འབྲིང་བཅས་ཀྱི་ཁ་གཏད་རོགས་སྐྱོར་སློབ་གྲྭའི་མགོ་ཁྲིད་དང་། ལུའུ་ཀྲོའུ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་དང་དབྱི་པིན་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་ཁ་གཏད་རོགས་སྐྱོར་སྡེ་ཚན་གྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཚན་པའི་ཁོངས་མི། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ཁུལ་སློབ་གསོ་ལུས་རྩལ་ཅུས་སུ་མངགས་གཏོང་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། ཐད་གཏོགས་ལས་ཁུངས་ཁག་གི་འགན་འཁུར་བ། ཐད་གཏོགས་སློབ་གྲྭ་ཁག་གི་ཏང་ཚན་ཁག་གི་ཧྲུའུ་ཅིའམ་སློབ་གཙོ་བཅས་ཚོགས་འདུར་ཞུགས་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)