国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2024ལོའི་ལོ་སྟོད་ལ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་གནས་བབ་བརྟན་ཐོག་ཡར་འཕེལ་བྱུང་ཡོད།

གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དོན་འཁྱོལ་དམ་འཛིན་བྱེད། བྱ་སྤྱོད་དངོས་ལ་ལྟ། ཕན་འབྲས་ཐོན་པར་བྱེད་ཅེས་པའི་བྱེད་སྒོ་གཞི་འཛིན་སར་བྱས་ཏེ་བརྟན་པོའི་ངང་འཕར་བའི་སྲིད་ཇུས་བྱ་ཐབས་ཀྱི་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལོ་སྟོད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་པར་གཞིགས་ན། ལོ་སྟོད་དུ་དཀར་མཛེས་ཁུལ་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར241.9ཟིན་ཡོད་ལ། རིན་གོང་འགྱུར་མེད་ལྟར་བརྩིས་ན་ན་ནིང་དུས་མཉམ་ལས་བརྒྱ་ཆ5.4འཕར་ཡོད་པ་རེད།

སྒོར་དུང་ཕྱུར241.9ཡི་ཁྲོད་ཐོན་ལས་དང་པོའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར18.23ཡིན་ལ་བརྒྱ་ཆ1འཕར་ཡོད། ཐོན་ལས་གཉིས་པའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར74.73ཡིན་ལ་བརྒྱ་ཆ8.8འཕར་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར148.94ཡིན་ལ་བརྒྱ་ཆ4.5འཕར་ཡོད།

དུས་མཚུངས་སུ་ད་ལོའི་ལོ་སྟོད་དུ་རང་ཁུལ་གྱི་ཞིང་ལས་ཐོན་སྐྱེད་སྤུས་ཚད་མཐོ་རུ་ཕྱིན་པ་དང་། བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། ཞབས་ཞུའི་ལས་རིགས་བརྟན་པོ་དང་གཏན་འཇགས་རྒྱུ་ནོར་མ་འཇོག་གཞི་ཁྱོན་ཆེ་རུ་ཕྱིན། ཁྲོམ་རའི་འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་ནོར་ཁྲལ་དངུལ་རྩ་འཁོར་སྐྱོད་བརྟན་པོ་བྱུང་ཡོད། དེའི་ནང་ཞིང་ནགས་འབྲོག་ཉ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར36.25ཟིན་ཡོད་ལ་ན་ནིང་དུས་མཉམ་ལས་བརྒྱ་ཆ1.2འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ན་ནིང་དུས་མཉམ་ལས་བརྒྱ་ཆ12.5འཕར་ཡོད(གླིང་ཁུལ་འཕར་ཚད་བརྒྱ་ཆ8.5)ཐོན་ལས་གསུམ་པའི་རིན་ཐང་འཕར་ཚད་ན་ནིང་དུས་མཉམ་ལས་བརྒྱ་ཆ4.5འཕར། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ན་ནིང་དུས་མཉམ་ལས་བརྒྱ་ཆ15.4འཕར་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར67.25ཟིན་ཡོད་ལ་ན་ནིང་དུས་མཉམ་ལས་བརྒྱ་ཆ5.9འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར34.73མངོན་འགྱུར་བྱུང་བ་དེ་ན་ནིང་དུས་མཉམ་ལས་བརྒྱ་ཆ7.8འཕར་ཡོད། སྤྱི་ཡོངས་ནས་བལྟས་ན་ལོ་སྟོད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་ཡོད།།

( ཡེ་ཤེས་ཀྱིས་བསྒྱུར།)