国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གིས་ཡུལ་སྡེའི་དམངས་སྲོལ་རིག་གནས་བྱེད་སྒོ་ སྤེལ་བའི་པར་རིས་བདམས་བཀོད།

རི་ཐང་རྩྭ་ཐང་དུ་ཡུལ་ཤོག་དང་གྲོང་རྡལ་ཁག་ནས་ཡོང་བའི་མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་བཞིན་པ།

ས་གནས་དེ་གའི་མང་ཚོགས་ཀྱིས་སྲོལ་རྒྱུན་རྒྱན་གོས་བཤམ་འཁྲབ་བྱེད་བཞིན་པ།

ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་སྤྲོའི་སྐོར་བྲོ་འཁྲབ་བཞིན་པ།

ས་གནས་དེ་གའི་མང་ཚོགས་ཀྱིས་རྟ་རྩལ་འགྲན་བཞིན་པ།

རི་ཐང་རྩྭ་ཐང་གི་མཛེས་ལྗོངས།

དཔལ་ཡུལ་རྫོང་ནི་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་གནས་ཡོད་པ་དང་། ཤར་ཉག་རོང་རྫོང་དང་ལྷོ་འབའ་ལི་ཐང་། ནུབ་བོད་ལྗོངས་ཀྱི་གོ་འཇོ་དང་འཇོ་མདའ། བྱང་དཀར་མཛེས་ཁུལ་གྱི་སྡེ་དགེ་དང་དཀར་མཛེས་རྫོང་སོགས་དང་ས་འབྲེལ་ནས་ཡོད་པ་རེད། དཔལ་ཡུལ་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ10591ཡོད་ཅིང་དགོན་མིང་ཡུལ་མིང་ལ་ཐོགས་པ་རེད། དཔལ་ཡུལ་དགོན་ནི་རི་དབྱིབས་གླང་ཆེན་དང་འདྲ་བས་གླང་ཆེན་རི་བོ་ཞེས་པའི་སྟེང་ན་ཆགས་ཡོད་པ་དང་། རྒྱང་རིང་ནས་བལྟས་ན་མིག་ལམ་དུ་དགོན་པ་དང་རྫོང་མཁར་མཉམ་དུ་ཆགས་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་མངོན་ཡོད།།

ཉེ་ཆར། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གིས་སྐབས་གཉིས་པའི་གནས་མཆོག་དཔལ་ཡུལ་དུ་ཕྱུགས་གཡང་ཁེངས་ཞེས་པའི་ཡུལ་སྡེའི་དམངས་སྲོལ་རིག་གནས་བྱེད་སྒོ་ཨ་ཚབ་གྲོང་རྡལ་རི་ཐང་རྩྭ་ཐང་དུ་སྤེལ་བ་རེད། ཐེངས་འདིའི་མཛད་སྒོར་རིག་རྩལ་མཉམ་འཁྲབ་དང་ནོར་གནག་རྒྱུད་བཟང་འདེམས་པ། འོ་མ་འཇོ་བའི་འགྲན་སྡུར། རྟ་རྒྱུག་འགྲན་སྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་པ་རེད།