国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲིར་ཕེབས་ནས་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ97འཁོར་བའི་སྔ་ནུབ་ཏུ་ཁུལ་ཨུའི་ཧྲུའུ་ཅི་དང་དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཧྲེན་དབྱང་གིས་ཁུལ་བཅའ་སྡོད་དཔུང་སྡེར་འཚམས་འདྲི་དང་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་འབྲེལ་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་། ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་དེ་རྒྱ་ཆེ་བའི་ཁུལ་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག། དམིགས་བསལ་ཉེན་རྟོག་པའི་འཐབ་འཛིང་པ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་མགྱོགས་མྱུར་གཏོད་པ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་དེ་བས་ཆེན་པོ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

དཀར་མཛེས་ཡན་ལག་དམག་ཁུལ་དུ་སླེབས་རྗེས་ཧྲེན་དབྱང་དམག་སྒར་དང་དམག་གྲབས་དངོས་ཟོག་གསོག་ཉར་ཁང་། དམག་འཐབ་བཀོད་འདོམས་ཁང་སོགས་སུ་ཕེབས་ཏེ་དཔོན་དམག་དང་ཡུལ་དམག་གི་སྦྱོང་བརྡར་དང་སློབ་སྦྱོང་། འཚོ་བ། དམག་གྲབས་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་དང་ལོ་སྟོད་དུ་ཡན་ལག་དམག་ཁུལ་ཁྱོན་ཡོངས་ནས་བསྐྲུན་ཚུལ་ངོ་སྤྲོད་ལ་ནན་ཏན་ངང་གསན་འཇོག་གནང་སྟེ་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཐག་བཅད་པ་རེད

ཧྲེན་དབྱང་གིས་ད་སྔར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏང་རྒྱུ་གཙོ་བོར་བྱས་ནས“དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ”མགྱོགས་མྱུར་བསྐྲུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབད་པས་བརྩམ་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་དང་། ཁུལ་ཨུའི་རྒྱུན་ཨུ། དྲུང་ཆེན་ཡོན་མིང་ཀོང་སོགས་འཚམས་འདྲི་བྱེད་སྒོར་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)