国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་དང་ས་གཤིས་གནོད་འཚེ་ལས་གཡོལ་བའི་དཔེ་མཚོན་ལ་བྱ་དགའ་སྤྲད་པའི་ཚོགས་ཆེན་དུ།

མི་ཚང་མས་ཉེན་མེད་ལ་དང་དོད་དང་འཚུབ་བསྟུན་ཉེན་སེལ་མཁས་པར་བསྐུལ་ཏེ་འབྲུབ་འགོག་དང་ས་གཤིས་གནོད་འཚེའི་མི་དམངས་དམག་འཐབ་ལས་རྒྱལ་ཁ་མཐའ་གཅིག་ཏུ་འཐོབ་པ་བྱ་དགོས་ཞེས་གསུངས།

སྤྱི་ཟླ7ཚེས25ཉིན་རང་ཁུལ་གྱིས་འབྲུབ་འགོག་དང་ས་གཤིས་གནོད་འཚེ་ལས་གཡོལ་བའི་དཔེ་མཚོན་ལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་འཚོགས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། སྤྱི་ཟླ7ཚེས25ཉིན་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་དང་ཆུ་ལོག་གནོད་སེལ་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་ཅིང་། འཚུབ་བསྟུན་དོ་དམ་པུའུ་དང་ཁུལ་ས་གཤིས་གནོད་འཚེ་འགོག་བཅོས་བཀོད་འདོམས་པུའུ་ཡི་ཐབས་ཇུས་དང་བཀོད་སྒྲིག་དོན་ལ་འཁྱོལ་བ་དང་། འཚུབ་བསྟུན་དོ་དམ་པུའུ་དང་ཁུལ་ས་གཤིས་གནོད་འཚེ་འགོག་བཅོས་བཀོད་འདོམས་པུའུ་ཡིས་བསྒྲགས་པའི་ཉེན་གཡོལ་ལམ་ལྷོང་བྱུང་བའི་དཔེ་མཚོན་ལ་བྱ་དགའ་སྤྲད་དེ་དཔེ་མཚོན་བཀོད་ཅིང་སྔོན་ཐོན་ལ་གཟེངས་བསྟོད། ངར་ཤུགས་བསླངས་ཏེ་མི་ཚང་མས་ཉེན་མེད་ལ་དང་དོད་དང་འཚུབ་བསྟུན་ཉེན་སེལ་མཁས་པའི་སྤྱི་ཚོགས་ཁོར་ཡུག་ཆགས་པར་བསྐུལ་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་ཁྲེན་པོ་ཐའོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་།

ཚོགས་འདུར་གསེར་རྟ་རྫོང་སྦོ་མདའ་གྲོང་རྡལ་དགུ་མདའ་གྲོང་ཚོའི་དགུ་མདའ་ལུང་ཤུར“7·8”ཆུ་ལོག་གནོད་འཚེ་ལས་གཡོལ་ཐུབ་པ་སོགས་རྒྱལ་ཁབ་འཚུབ་བསྟུན་དོ་དམ་པུའུ་ཡིས་བརྡ་ཁྱབ་བཏང་བའི་ཉེན་གཡོལ་ལམ་ལྷོང་བྱུང་བའི་དཔེ་མཚོན7དང་ཉག་ཆུ་རྫོང་མགར་ར་གྲོང་རྡལ་བཅུ་གཉིས་པ་གྲོང་སྡེའི་རྡོ་ཆེན་ལུང་ཤུར་གྱི“4·23”ཆུ་ལོག་གནོད་འཚེ་ལས་གཡོལ་ཐུབ་པ་སོགས་ཁུལ་ས་གཤིས་གནོད་འཚེ་འགོག་བཅོས་བཀོད་འདོམས་པུའུ་ཡིས་གཏན་འཁེལ་བྱས་པའི་དཔེ་མཚོན5ལ་བྱ་དགའ་སྤྲད་པ་རེད།

ཚོགས་འདུར་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་བྱ་དགའ་ཐོབ་པའི་དཔེ་མཚོན་འཐུས་མིར་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཁོང་གིས་མིག་སྔར་དབྱར་ཟླ་བདུན་པའི་མཇུག་དང་བརྒྱད་པའི་སྟོད་ལ་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད། གནད་འགག་གི་དུས་སུ་འབྲུབ་འགོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་ཉེན་ཁ་ལས་ལེགས་པོར་གཡོལ་བའི་དཔེ་མཚོན་ལ་དུས་ཐོག་ཏུ་བྱ་དགའ་སྤྲོད་པའི་དམིགས་ཡུལ་ནི་མང་ཚོགས་སྐུལ་སློང་སྔར་བས་ནུས་ལྡན་བྱེད་པ་དང་མང་ཚོགས་ལ་བརྟེན་ནས་ཤུགས་ཡོད་རྒུས་འབྲུབ་འགོག་དང་ས་གཤིས་གནོད་འཚེ་འགོག་་བཅོས་ཀྱི་མི་དམངས་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ཆེད་ཡིན་ཞེས་གསུངས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)