༄༅།། སྤྱི་ཟླ7པའི་ཚེས30ཉིན་ལ། 2024ལོའི་སི་ཁྲོན་ཞིང་ཆེན་ཡུལ་སྡེ་རིག་གནས་འཛུགས་སྐྱོང་ལོ་སྟེ་ས་གནས་དམངས་སྲོལ་བྱེད་སྒོ་ལི་ཐང་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་ལི་ཐང་རྫོང་གི་འདོ་བ་ཐང་དུ་འགོ་ཚུགས་པ་རེད།།
༄༅།།སྤྱི་ཟླ7པའི་ཚེས30ཉིན་ལ། ལྕགས་ཟམ་རྫོང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ97འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།།
༄༅།།སྤྱི་ཟླ7པའི་ཚེས29ཉིན་ལ། དཀར་མཛེས་ཁུལ་གཞོན་ནུའི་ལས་དོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་གཞོན་ནུ་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་དར་མདོ་རུ་འཚོགས་པ་རེད།།
༄༅།། སྤྱི་ཟླ7པའི་ཚེས29ཉིན་གྱི་དགོང་མོར། རོང་བྲག་གི་བསིལ་རླུང་འཇམ་པོས་དབྱར་ཐོག་གཅིག་གི་ཚ་དྲོད་སེལ་ཞེས་པའི2024ལོའི་ཚ་གཡོལ་མཚན་ཚོགས་རོང་བྲིག་རྫོང་གི་གྲོང་ཁུལ་གསར་པར་འགོ་ཚུགས་པ་རེད།།
༄༅།། སྤྱི་ཟླ7པའི་ཚེས28ཉིན་ལ། ཉག་རོང་རྫོང་གིས་སྐབས་གཉིས་པའི་དམར་པོ་ཁམས་ཀྱི་ཉག་རོང་བཅུ་གསུམ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཚིགས་ཉག་རོང་རྫོང་གླག་རི་མའི་རྩྭ་ཐང་དུ་འགོ་བཙུགས་ཤིང་། མང་ཚོགས་ཀྱི་རིག་རྩལ་བྱེད་སྒོ་སྣ་མང་སྤེལ་བ་རེད།།
༄༅།། སྤྱི་ཟླ7པའི་ཚེས27ཉིན་ལ། དཔལ་ཡུལ་རྫོང་གི་སྐབས་གཉིས་པའི་གནས་མཆོག་དཔལ་ཡུལ·རྩྭ་ཐང་སྐྱིད་པོ་ཞེས་པའི་ཡུལ་སྡེ་དམངས་སྲོལ་རིག་གནས་བྱེད་སྒོ་ཨ་ཚབ་གྲོང་རྡལ་རི་ཐང་དུ་འགོ་ཚུགས་པ་རེད།
༄༅།། སྤྱི་ཟླ7པའི་ཚེས26ཉིན་ལ། རྟའུ་རྫོང་གི་དར་ལམ་དཀར་མཛེས·ལུང་བསྟན་འབྲོག་ར་ཞེས་པའི་ལྗོངས་ཁུལ་སྒོ་འབྱེད་མཛད་སྒོ་འཚོགས་ནས་མགྲོན་པོ་དངོས་སུ་བསུ་བ་རེད། མཛད་སྒོའི་ནང་འཛམ་གླིང་ཟིན་ཐོ་ཁས་ལེན་སྒྲིག་གཞིའི(WRCA)འཐུས་མིས་ལྗོངས་ཁུལ་ལ“འཛམ་གླིང་ནོར་རྩིད་ཀྱི་གུར་ཆེན་ཤོས”ཀྱི་ཟིན་ཐོ་བྱང་བུ་སྤྲད་པ་རེད།།